ཐག་ཐག་སྤོ་ལོ་རྩེ་ན་ཕན་ཁེ་མང་པོ་ལྡན།

དུས་རྒྱུན་འཚོ་བའི་ཁྲོད། ཐག་ཐགསྤོ་ལོ་རྩེ་ན་ཕན་ཁེ་མང་པོ་ལྡན།

ཀླད་ནུས་སྦྱོང་བརྡར་ཐུབ་པ། ཐག་ཐག་སྤོ་ལོ་རྩེ་བའི་བརྒྱུད་རིམ་ཁྲོད། སྤོ་ལོར་ཇི་ལྟར་གདོང་གཏོད་པའི་ཐད་ཀླད་ཆེན་གྱིས་དབྱེ་ཞིབ་བྱེད་བཞིན་ཡོད་པས། ཀླད་ཆེན་ལ་སྦྱོང་བརྡར་བྱེད་ཐུབ་ཅིང་། ཀླད་ཆེན་གྱི་བྱེད་ནུས་ཉམས་རྒུད་དུ་འགྲོ་བར་ནུས་པ་གལ་ཆེན་ཐོབ་ཐུབ།

མིག་ཤུགས་སྦྱོང་བརྡར་ཐུབ་པ། ཐག་ཐག་སྤོ་ལོ་རྩེ་སྐབས། མིག་གཉིས་མཚམས་མ་བཞག་པར་འགུལ་དགོས་པས། མིའི་མཐོང་ལམ་ཡང་ཕིང་ཕང་སྤོ་ལོའི་འགྲོས་ལྟར་འགུལ་བཞིན་ཡོད་པས། མིག་ཤུགས་ལ་སྦྱོང་བརྡར་ལེགས་པོ་བྱེད་ཐུབ།

རྐང་པ་སྔར་བས་ལྡེམ་མྱུར་ཐུབ་པ། ཐག་ཐག་སྤོ་ལོ་རྩེ་སྐབས། འགུལ་སྟངས་མྱུར་ལ་མཐོ་ཚད་གསལ་བ། མིག་དང་ལག་པ། རྐང་པ་བཅས་མཉམ་དུ་འགུལ་དགོས་པས། མཐུན་སྦྱོར་ནུས་པ་དང་དོ་མཉམ་ནུས་པའང་ཇེ་མཐོར་འགྲོ་ལ། རྐང་པ་སྔར་བས་ལྡེམ་མྱུར་ཡོང་ཐུབ།

ཚོ་བྱང་ཐུབ་པ། དུས་རྒྱུན་ཐག་ཐག་སྤོ་ལོ་རྩེ་ན་ལུས་ཀྱི་ཚོ་བྱང་བར་ནུས་པ་ཆེན་པོ་ཐོན་ཐུབ་པར་མ་ཟད། ལུས་ཕུང་བདེ་ཐང་ཡོང་བར་ཡང་ཕན་ནུས་ཆེན་པོ་ལྡན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号