འདིས་མིག་ལ་འཕུར་མཉེད་བྱས་ན་གནོད་པ་ཆེ།

ཉེ་ཆར། ཀྲེ་ཅང་ལིན་ཧའེ་གྲོང་ཁྱེར་ཐའེ་ཀྲོའུ་སྨན་ཁང་མིག་ནད་ཚན་ཁག་ཏུ་ནད་པ་ཞིག་སླེབས་ཡོད། ནད་པ་དེས་ཉེ་བའི་ལོ་གཅིག་ནང་རང་ཉིད་ཀྱི་མིག་ཤེད་རྒྱུན་མཐུད་ངང་ཉམས་བཞིན་འདུག་ཅེས་བཤད་ཡོད། སྨན་པས་བརྟག་དཔྱད་བྱས་རྗེས། ནད་པའི་མིག་གཉིས་ཀྱི་མིག་ཤེད0.1ལས་ལྷག་མེད་པར་མ་ཟད། ད་དུང་ལིང་གྲིབ་ཐོན་ཡོད་པ་ཤེས་རྟོགས་བྱུང་ཡོད། དེའི་རྒྱུ་མཚན་ཅི་ཡིན་ནམ།

རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ཀྱིས་དུས་ཡུན་རིང་པོར་མིག་ལ་འཕུར་མཉེད་བྱས་པས། ནད་པའི་མིག་ཤེད0.1ལས་ལྷག་མེད། 

ནད་པ་སྐུ་ཞབས་ཡེ་ལགས་ཀྱིས། ན་ནིང་ནས་བཟུང་རྒྱུན་དུ་མགོ་བོ་ན་བས། ན་ཟུག་ཡང་དུ་གཏོང་ཆེད། ངས་ནམ་རྒྱུན་རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ཀྱིས་མིག་གི་མཐའ་འཁོར་དུ་འཕུར་མཉེད་བྱེད་ཀྱི་ཡོད་ཅེས་བཤད། སྨན་པས། ཕལ་ཆེར་རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ཀྱི་ཟློས་ཕྱོད་མཐོ་བའི་འདར་འགུལ་གྱིས་ཆུ་བར་རྨས་སྐྱོན་བཏང་བ་དེས་སྐུ་ཞབས་ཡེ་ལགས་ཀྱི་མིག་ཤེད་མགྱོགས་མྱུར་ཉམས་པ་ཡིན་པའི་བརྡར་ཤ་བཅད་ཡོད།

མཐར། སྐུ་ཞབས་ཡེ་ལགས་ལ་གཤགས་བཅོས་བྱས་པ་བརྒྱུད་མིས་བཟོས་ཤེལ་གཟུགས་བརྗེས་པས། མིག་སྔར་མིག་གི་ན་ཟུག་ཆུང་དུ་ཕྱིན་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་ལིན་ཧའེ་གྲོང་ཁྱེར་ཐའེ་ཀྲོའུ་སྨན་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཚུའེ་ཀང་ཧྥེང་གིས། མིག་འབྲས་ནི་ཧ་ཅང་མཉེན་པའི་ཕུང་གྲུབ་ཅིག་ཡིན་པས། གལ་ཏེ་དུས་ཡུན་རིང་པོར་འདར་འགུལ་ཤུགས་ཚད་ཆེ་བའི་འཕུར་མཉེད་བསྐྱར་ཟློས་བྱས་ན། གནད་དོན་གཉིས་འབྱུང་སྲིད་དེ། གནད་དོན་དང་པོ་ནི་ལིང་གྲིབ་སྔ་བསྣུར་དུ་ཐོན་པ་དང་། གནད་དོན་གཉིས་པ་ནི་ཤེལ་གཟུགས་འཆུས་པ་དེ་ཡིན། འདི་ནི་རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་སྤྱོད་ནོར་ཤོར་བས་བཟོས་པ་རེད་ཅེས་བརྗོད་ཡོད།

འོས་འཚམ་ངང་སྤྱད་ན། རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ལ་ངལ་དུབ་སེལ་བའི་ནུས་པ་ངེས་ཅན་ལྡན།

རྒྱུས་སྐྱི་འཕུར་མཉེད་ཅེས་ཅ་དངོས་ཀྱི་མིང་ཁོ་ན་ལས་ང་ཚོའི་རྒྱུས་སྐྱིར་འཕུར་མཉེད་བྱེད་ཐུབ་པ་ཤེས་ཐུབ། རྒྱུས་སྐྱི་ནི་མི་ལུས་ཀྱི་ཤ་གནད་ཐུམ་པའི་སྐྱི་མོ་དཀར་པོ་ཞིག་སྟེ། ཤ་གནད་ཀྱིས་གོ་རིམ་ལྡན་པའི་ཁ་ཕྱོགས་སུ་ནུས་པ་འདོན་པར་གཅུན་སྡོམ་བྱེད་བཞིན་ཡོད། རྒྱུན་མཐུད་རང་བཞིན་གྱི་ངལ་དུབ་དང་དངངས་འཚབ་ཀྱིས་རྒྱུས་སྐྱི་འཁུམ་དུ་འཇུག་སྲིད། རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་འོས་འཚམ་ངང་སྤྱད་ན། སྣང་ཚུལ་དེ་རིགས་ཞི་ལྷོད་དུ་གཏོང་རྒྱུར་ཕན་ཐོགས་ཡོད།

སྨན་པས་དྲན་སྐུལ་གནང་དོན།

རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་སྤྱོད་སྐབས་མིག་གི་མཐའ་འཁོར་དུ་སྤྱོད་མི་རུང་བ་མ་ཟད། མཆན་འོག་དང་བྲང་ཁོག འཕར་རྩ། ལྷུ་ཚིགས་སོགས་སུའང་སྤྱོད་མི་རུང་། 

གཞན་ད་དུང་དབང་རྩ་དང་ཁྲག་རྩ་མང་བའི་མཇིང་པའི་སྔུན་སོགས་སུའང་རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་སྤྱོད་མི་འོས།

རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ཡང་དག་པར་སྤྱོད་ཚུལ་ནི།

མི་ལུས་ཀྱི་ཤ་གནད་ཁྲ་རིས་དང་རྒྱུས་སྐྱིའི་འགྲོ་ཕྱོགས་ལྟར་སྤྱོད་དགོས་པ་ལས། ཤ་གནད་ན་སར་དམིགས་ནས་ཚད་ལས་བརྒལ་ཏེ་བེད་སྤྱོད་བྱེད་མི་རུང་།

གལ་ཏེ་རྒྱུས་སྐྱི་འཕུར་མཉེད་ཡོ་བྱད་ཀྱི་ཟློས་ཕྱོད་ཆེ་བའི་འདར་འགུལ་ལ་བརྟེན་ནས་འཕུར་མཉེད་བྱས་ན། ཟློས་ཕྱོད་བརྟན་པོ་རྒྱུན་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་ཟློས་ཕྱོད་བརྟན་པོ་མ་བྱུང་ན་རྨས་སྐྱོན་བཟོ་སླ་མོ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号