མཚོ་སྔོན་གྱི་ཞིང་གྲོང་ལག་ཤེས་པས་རོང་འབྲོག་པ་ཁྲི་ལྷག་ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ།

ཟླ5པའི་ཚེས10ཉིན་རྒྱལ་ཡོངས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་གཉིས་པའི་གྲོང་གསེབ་ཀྱི་ལག་ཤེས་རྩལ་ནུས་འགྲེམས་སྟོན་སྤེལ་རེས་མཚོ་སྔོན་འགྲེམས་སྟོན་ཁུལ་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དང་རི་གྲོང་ནས་ཡོང་བའི་རྡོ་བརྐོས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་བརྟན་རྒྱལ་གྱིས་ཕུལ་དུ་བྱུང་བའི་རྡོ་བརྐོས་ཀྱི་རྩལ་ནུས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུགས། ཚེ་བརྟན་རྒྱལ་གྱིས་ཕ་ཡུལ་དུ་སློབ་མ210ཁྲིད་ནས་ལས་གཏོད་དང་ལས་ཞུགས་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཞིང་གྲོང་དང་འབྲོག་ཁུལ་མང་པོ་རུ་ཚེ་བརྟན་རྒྱལ་ལྟ་བུའི་གྲོང་གསེབ་ཀྱི་ལག་ཤེས་པ་སྔར་ལས་མང་བ་ཞིག་གིས་ཉེ་འགྲམ་གྱི་རོང་འབྲོག་པ་རྣམས་ལས་གཏོད་ལས་ཞུགས་དང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་གྲོང་གསེབ་ཀྱི་འཇོན་མི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཇེ་ཆེར་བཏང་བ་དང་། གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་ལས་དོན་ལག་བསྟར་ཇུས་གཞི་བཟོས་ནས་པར་འགྲེམས་བྱས་ཏེ།  གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཇེ་ཚང་དང་། དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་ནས་ཐོན་ལས་དར་རྒྱས་དང་། ལས་ཞུགས་བརྟན་པོ། ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་། ད་སྔར་གྲོང་གསེབ་ཀྱི་ལག་ཤེས་པ་བརྒྱ་ལྷག་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ལས་རིགས་ཁག་ཏུ་ལས་ཀ་གཉེར་བཞིན་ཡོད་པས་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད་བྱས་རྗེས་བཞག་ནས་མཐའ་འཁོར་གྱི་རོང་འབྲོག་པ4000ལྷག་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་དང་། དེའི་ནང་དབུལ་ཐར་མི་འབོར801དང་ཕྱིར་དབུལ་པོར་ལོག་པར་སྔོན་འགོག་བྱ་ཡུལ73ཡོད། དེ་དང་ཆབས་ཅིག་ལག་རྩལ་བརྒྱུད་སྤྲོད་དང་སློབ་མར་ཁྲིད་སྟོན་ལ་བརྟེན་ནས་མི7421ལས་ཞུགས་ཐུབ་པ་དང་དེའི་ནང་མི230ཡིས་རང་ཉིད་ཀྱི་ཁེ་ལས་གཉེར་ཡོད་དོ། །

“འཇོན་མི་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞི་ཡིན་ལ། ང་ཚོས་མུ་མཐུད་གྲོང་གསེབ་ཀྱི་འཇོན་མི་དར་རྒྱས་གཏོང་བའི་དམིགས་ཚད་ལ་དམིགས་ནས་གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཇེ་ཆེར་བཏང་ཏེ། འཇོན་མིས་ཞིང་ལས་དར་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་བཟང་པོ་ཇི་མ་ཇི་བཞིན་དུ་མཚོ་སྔོན་ས་གཞི་ཆེན་པོར་ལག་ཏུ་བསྟར་ནས་མཐོ་སྒང་གི་ས་ཁུལ་གྱི་འཇོན་མི་དར་རྒྱས་དང་། ཐོན་ལས་དར་རྒྱས། མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འགོད་པའི་སེམས་འགུལ་བའི་ལྗོངས་རིས་ལྟ་ན་སྡུག་པ་ཞིག་འབད་པས་བཞེངས་རྒྱུ”ཞེས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་རོགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧོའུ་ལེ་ཡིས་དེ་ལྟར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号