བོད་ལྗོངས་ལྷ་སའི་རོང་འབྲོག་མང་ཚོགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་པ།

འདི་ནི་ལྷ་སའི་འདམ་གཞུང་ནས་ཡོང་བའི་མང་ཚོགས་ཞིག་གིས་ལྗིད་ཚད་རྒྱ་མ150རྡོ་བ་ཕྲག་ཏུ་ཁུར་ནས་རྒྱུག་བཞིན་པའི་ཚུལ་རེད།

ཉིན་ཤས་བསྟུད་མར། གྲོང་ཚོའི་ཁྱད་ཆོས་དང་སྤྲོ་བ་ལྡན་པའི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་དང་ལྷ་སའི་རྟ་རྒྱུག་ར་བ་ནས་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་སོ་སོ། བྱེད་ནུས་གླིང་ཁུལ་སོ་སོ་ནས་ཡོང་བའི་འཐུས་ཚབ་རུ་ཁག11གི་རོང་འབྲོག་པའི་ལུས་རྩལ་པ500ལྷག་འགྲན་བསྡུར་ནང་ཞུགས། ཁོ་ཚོས་ཚོགས་ར་ནས་རྔུལ་ཆུ་གཏོར་ཞིང་སྤྲོ་སེམས་བསྐྱེད་དེ་མྱུར་ཚད་དང་སྟོབས་ཤུགས་འགྲན། ཚོགས་ར་ཕྱི་རོལ་དུ་ཐལ་མོ་རྡེབ་པའི་སྒྲ་དང་དགའ་འབོད། ངར་སྐད་སྒྲོག་པའི་སྒྲ་ཡིས་ཁེངས། རྒྱུས་ལོན་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་གི་ཚད་གཞི་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་རོང་འབྲོག་པའི་ལུས་རྩལ་གསོལ་སྟོན་ཞིག་ཡིན་པ་མ་ཟད། ལྷ་ས་ཡིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྱབ་ཁོངས་ཀྱི་ཚད་བརྒལ་གལ་ཆེན་ཞིག་ཡིན། 

འདི་ནི་ལུས་རྩལ་འགྲན་བསྡུར་ནང་ཞུགས་པའི་མང་ཚོགས་ཞིག་གིས་འུར་ཆ་རྒྱག་བཞིན་པའི་ཚུལ་རེད།

འདི་ནི་ལུས་རྩལ་འགྲན་བསྡུར་སྟེང་གི་གཡག་རྒྱུག་འགྲན་བསྡུར་རེད།

འདི་ནི་ལུས་རྩལ་འགྲན་བསྡུར་སྟེང་གི་གཡག་རྒྱུག་འགྲན་བསྡུར་རེད།

འདི་ནི་ལུས་སུ་མི་རིགས་གྱོན་གོས་གོན་པའི་འགྲན་ཞུགས་མང་ཚོགས་ཀྱིས་ཐག་པ་འཐེན་བཞིན་པའི་ཚུལ་རེད།

འདི་ནི་ལུས་སུ་མི་རིགས་གྱོན་གོས་གོན་པའི་འགྲན་ཞུགས་མང་ཚོགས་ཀྱིས་ཐག་པ་འཐེན་བཞིན་པའི་ཚུལ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སྤེལ་བཞིན་པའི་ཚུལ་རེད།

འདི་ནི་བུད་མེད་ཀྱི་སྨི400མྱུར་ཚད་འགྲན་པའི་ཡུལ་དངོས་རེད།

འདི་ནི་ལྷ་སའི་རོང་འབྲོག་པའི་ལུས་རྩལ་འགྲན་བསྡུར་ནང་ལག་སྟོབས་འགྲན་བཞིན་པའི་ཚུལ་རེད།

འདི་ནི་འགྲན་བསྡུར་ཡུལ་དངོས་སུ་མི་རིགས་ཀྱི་གྱོན་གོས་གོན་པའི་བུ་མོ་ཆུང་ཆུང་གཉིས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号