མི་རིཊ་བར་གྱི་སྤེལ་རེས་ལོ་རྒྱུས་ཀྱི་བགྲོ་གླེང་ལྷ་སར་འཚོཊ་པ།

ཚེས26ཉིན། ཀྲུང་གོ་མི་དམངས་སློབ་ཆེན་ནུབ་རྒྱུད་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་གནས་ནང་དགོན་གནའ་དཔེ་ཁང་གིས་མཉམ་དུ་གཉེར་བའི“ཡོན་མིང་ཆིང་རྒྱལ་རབས་ཀྱི་བོད་ཡིག་ཚད་ལྡན་ཡིག་ཆ་དང་པར་རིས་ལས་མཐོང་བའི་མི་རིགས་ཕན་ཚུན་སྤེལ་རེས་ཐད་ཀྱི་ལོ་རྒྱུས”ཞེས་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་བོད་ལྗོངས་ལྷ་སར་སྐོང་འཚོགས་བྱས་པ་རེད།

བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་བོད་ཡིག་གི་ཚད་ལྡན་ཡིག་ཆ་དང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ལོ་རྒྱུས་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས། རིག་གཞུང་གི་གཞི་འཛིན་སའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་རེད། མཐོ་རིམ་སློབ་ཆེན་དང་སློབ་གླིང་22དང་། ཚན་ཞིབ་ལས་ཁུངས། དགོན་པ་བཅས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

     བགྲོ་གླེང་ཚོགས་འདུ་དེ་བརྗོད་གཙོའི་གསུང་བཤད་དང་། ལོ་རྒྱུས་སྤེལ་རེས་ཆེད་དོན་ཚོགས་འདུ། ཆོས་ལུགས་སྒྱུ་རྩལ་གྱི་ཆེད་དོན། བཀའ་བརྒྱུད་ལོ་རྒྱུས་རིག་གནས། དེ་བཞིན་བོད་ཡིག་གི་གནའ་དཔེ་དང་ཚད་ལྡན་ཡིག་ཆ་བཅས་ཁག་ལྔ་ལས་གྲུབ་ཡོད། རིགས་གཅིག་མཁས་པ་དང་མཁས་དབང་35ཡིས་ལོ་རྒྱུས་རིག་པ་དང་། མི་རིགས་རིག་པ། སྒྱུ་རྩལ་རིག་པ། གསོ་རིག་རིག་པ། སྐད་བརྡ་རིག་པ་སོགས་ཞིབ་འཇུག་ཁྱབ་ཁོངས་ཐད་ནས་གསུང་བཤད་གནང་ཡོད། དུས་ཚོད་ཀྱི་ཆ་ནས་བརྗོད་ཚེ་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་གསུམ་ལ་ཁྱབ་ཡོད་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པོ་ཡོད།

     གནས་ནང་དགོན་གནའ་དཔེ་ཁང་གི་འགོ་འཛིན་དཔའ་བོ་རིན་པོ་ཆེས། ད་ཐེངས་ཀྱི་ཚོགས་འདུ་ནི་ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཐོག རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལ་དོ་ཁུར་གནང་མཁན་རིགས་གཅིག་མཁས་པ་དང་མཁས་དབང་དང་མཉམ་དུ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号