མང་རྫོང་གི་འབྲོག་དམངས་དག་ལུག་བལ་འབྲེག་པའི་ལས་ལ་བྲེལ་ནས་ཡོད།

དབྱར་ཟླ6པར། མང་རྫོང་འཇགས་རི་སུམ་མདོའི་རྩྭ་ཐང་སྟེང་། རྟ་ནོར་ལུག་གསུམ་གང་སར་བཀྲམས་ཞིང་། རབ་དཀར་གྱི་ཆུ་འཛིན་དང་སྔོ་བསང་གི་ནམ་མཁའ། དྭངས་གཙང་གི་ཆུ་མོ་དང་སྔོ་ལྗང་གི་གཡུ་ལོས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་རིས་ཤིག་ངང་གིས་གྲུབ་ཡོད་ཅིང་། འབྲོག་དམངས་ཚོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་ལུག་བལ་འབྲེག་པར་བྲེལ་འདུག 


སུམ་མདོ་ཁ་རྒྱ་སྡེ་བའི་འབྲོག་ཁྱིམ་ཞིག་གི་ལུག་རའི་ནང་འབྲོག་དམངས་སྐོར་ཞིག་ཁོམ་ལོངས་མེད་པར་བལ་འབྲེག་པའི་ལས་ལ་བྲེལ་ནས་ཡོད། ལ་ལས་ལུག་འཛིན་པ་དང་། ལ་ལས་བལ་འབྲེག་པ། ལ་ལས་བལ་འཐུ་བ་སོགས་ལས་བགོས་ཧ་ཅང་གསལ་བོ་དང་གོ་རིམ་ངེས་ཅན་ལྡན་པར་མ་ཟད། ཕན་ཚུན་འགྲན་སློང་གི་རྩེད་མོའི་རྣམ་པས་སུ་མགྱོགས་འགྲན་པས་ཉིན་གཅིག་གི་རིང་ལ་ལུག་བཞི་བརྒྱ་ལྷག་གི་བལ་བྲེག

བལ་འབྲེག་རྒྱུ་ནི་འབྲོག་ལས་ཐོན་སྐྱེད་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ལ་བལ་བྲེག་རྗེས་ལུག་ལ་ཤ་ཤེད་རྒྱས་ཐུབ་པ་མ་ཟད།གཞན་བརྟེན་སྲིན་འབུའི་སྐྱེ་འཕེལ་ཡང་འགོག་ཐུབ། དེ་མིན་ལུག་བལ་གྱིས་གོན་པ་དང་གདན་སོགས་ལས་སྣོན་བྱས་ཆོག་པ་ལས་གཞན་འབྲོག་པ་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་བོ་ཐོན་ཐུབ།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号