ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་དྲུག་པ་ལྷོ་རིའི་སྤྱི་གླིང་དུ་འཚོགས།

ཟླ6པའི་ཚེས29ཉིན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས “མི་རིགས་སོ་སོའི་འབྲེལ་འདྲིས་སྤེལ་གསུམ་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ”ཞེས་བརྗོད་དོན་གཙོ་བོ་ཡིན་པའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་དྲུག་པ་ཟི་ལིང་གྲོང་ཁྱེར་ལྷོ་རི་སྤྱི་གླིང་དུ་འཚོགས།

མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བློ་བཟང་ཟླ་བས་ཤིས་ཚིག་ཕུལ། གསར་འགོད་པའི་རྒྱུས་ལོན་པ་ལྟར་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་འདི་ད་ལྟའི་བར་དུ་སྐབས35བསྒྲུབས་ཟིན་ལ། སྒྱུ་རྩལ་དུས་ཆེན་འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་སུ་གཏོང་ཆེད། ལོ་རེར་ཐེངས་གཅིག་ལ་སྤེལ་བཞིན་ཡོད་པ་དང་། སྐབས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་དུ་། ཟི་ལིང་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སོ་སོ་དང་སྤྱི་ཚོགས་ཚོགས་པ། མི་སྒེར་སོགས་མི་གྲངས་མང་པོ་ལྷན་དུ་འཛོམས་ནས། ཉིན་གཉིས་ཀྱི་རིང་དུ་བོད་ཀྱི་ཡིག་གཟུགས་དང་ཞབས་བྲོ། མིག་མངས། མདའ་རྩེད་སོགས་འགྲན་སྡུར་དང་། ས་གནས་སོ་སོའི་ཐོན་རྫས་དང་དངོས་ཟོང་སྣ་ཚོགས་འགྲེམ་སྟོན་ཉོ་འཚོང་བཅས་ཀྱི་སྒོ་ནས་དུས་ཆེན་གྱི་དགའ་སྟོན་ལ་རོལ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号