ཁྲོན་བོད་མཐོ་སྒང་གི་དབྱར་དུས་ཀྱི་མཛེས་ལྗོངས།
ཟླ7པའི་ཚེས2ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་ལུང་ཟི་གྲོང་རྡལ་དུ་བསྐྱོད་ཚེ། མིག་ལམ་དུ་མངོན་པ་ནི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཏེ་རྒྱང་རིང་གི་མཁའ་དབྱིངས་དང་སྤྲིན་དཀར་པོ། ལངས་འཇགས་ཀྱི་རི་ཚོགས། ལྗང་མདོག་གི་རྩྭ་ཐང་། འོད་ཟེར་འཕྲོ་བཞིན་ཆུ་ཕྲན་ལྷུང་ལྷུང་དུ་བཞུར་བ། རྒྱུན་ཁྲིགས་སུ་ཆགས་པའི་རི་བོ་བཅས་ཡིན། གནམ་སྔོན་པོ་འོག་ཏུ་ལྗང་མདོག་གིས་ཁེབས་པའི་གནས་དེ་ནི་ཁྲོན་ནུབ་མཐོ་སྒང་གི“ཨཱ་ལི་ཐུའེ”ཡིན།
རྩྭ་ཐང་གི་མཛེས་ལྗོངས།
རྩྭ་ཐང་ནས་ལྕགས་རྟ་ཞོན་བཞིན་པའི་ཡུལ་སྐོར་པ།
ཡུལ་སྐོར་པས་ལྟ་སྐོར་བྱེད་བཞིན་པ།
འབྲོག་ཚང་།
གངས་འདབས་ཀྱི་རྩྭ་ཐང་།
རྩྭ་ཐང་གི་སྐལ་བཟང་མེ་ཏོག
ལྗང་མདོག་གིས་ཁེབས་པའི་རྩྭ་ཐང་།
རྩྭ་ཐང་གི་ནོར་ཁྱུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注