ང་ཚོའི་ཁྱིམ་གཞིས། མཛེས་སྡུག་ལྡན་པའི་ཀོང་པོ། བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་ཀྲུང་དབྱང་སྤྱི་གླིང་ཆེ་ཤོས། 

ཀོང་པོ་སྤྱི་གླིང་གི་གྲོང་ཁྱེར་གྱི་ས་རྟགས་འཇིམ་བརྐོས་སྟེ། པུར་ཤུབ་བུ་རྒོད།

ཉེ་ཆར“ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱེད་སྒོའི་བཅར་འདྲི་ཚོགས་པ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་བསྐྱོད་པ་ཡིན། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁྱོན་ཆེ་ཤོས་དང་། ཤིང་སྣ་ཕུན་སུམ་ཚོགས་ཤོས་དང་ཕན་ནུས་ཆ་ཚང་ཤོས་བཅས་ཀྱི་གྲོང་ཁྱེར་གྱི་ཀྲུང་དབྱང་སྤྱི་གླིང་ཞིག་རེད།

ཉིང་ཁྲི་ལ“ཀོང་པོ”ཡང་ཟེར། དེ་ནི་གྲོག་རོང་གི་དོན་ཡིན། ཀོང་པོ་སྤྱི་གླིང་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྲོང་ཁུལ་གསར་རྙིང་གི་བར་ལ་གནས་པ་དང་། སྤྲེལ་རྒྱལ་གནས་རི་དང་ཉིང་ཆུའི་བར་དུ་གནས་པ་དང་། ས་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི68ཙམ་ཡོད་པས། སྤྲོ་གསེང་དང་། རང་བྱུང་སྣོད་ཁམས། བསམ་པའི་རིག་གནས། དམངས་སྲོལ་ཡུལ་སྲོལ་གོམས་གཤིས་དང་ཡུལ་སྐོར་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི་ཡུལ་སྐོར་རིག་གནས་གསར་གཏོད་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་ཞིག་རེད།

ཀོང་པོ་སྤྱི་གླིང་གི་མཚན་ལྗོངས།

ངོ་སྤྲོད་བྱས་པར་གཞིགས་ན། ཀོང་པོ་སྤྱི་གླིང་གིས“མི་གཙོ་བོར་འཛིན་པ་དང་། རིག་གནས་ཁས་ལེན། ཚན་རྩལ་སྐྱེ་ཁམས། གྲོང་ཁྱེར་གྱི་ས་རྟགས”བཅས་ཀྱི་ཇུས་འགོད་འདུ་ཤེས་གཞིར་བཟུང་ནས། གྲོང་ཁྱེར་གྱི་སྔོ་ལྗོངས་ལེགས་སུ་བཏང་ནས་བྱིས་པའི་སྤྱི་གླིང་དང་། གྲོང་ཁྱེར་སྤྱི་གླིང་། སྐྱེ་ཁམས་སྤྱི་གླིང་། ཀོང་པོ་ཁྲོམ་གཞུང་བཅས་བྱེད་ནུས་ཁུལ་ཆེན་པོ་བཞི་སོ་སོར་བསྐྲུན་ཡོད།

ཀོང་པོ་སྤྱི་གླིང་གི་ཁམ་བུའི་མེ་ཏོག་གི་བརྗོད་དོན་འཇིམ་བརྐོས། ཁམ་བུའི་མེ་ཏོག

ཀོང་པོ་ཐང་ཆེན་དུ་བརྗོད་དོན་འཇིམ་བརྐོས་ཤིག་ཡོད་པ་སྟེ། པུར་ཤུབ་བུ་རྒོད་རེད། “པུར་ཤུབ”ཞེས་པ་ནི་སྒྲ་མདའ་ཡིན་ཞིང་། ཀོང་པོའི་མདའ་ནི་ལོ་ངོ1600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད་པ་རེད། དེ་ནི་ཀོང་པོ་ས་ཁུལ་གྱི་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་། ལོ་གསར་བསུ་བ་སོགས་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་གལ་ཆེན་ཁྲོད་མེད་དུ་མི་རུང་བའི་རྩལ་འགྲན་རོལ་རྩེད་ཅིག་རེད།

ཀོང་པོ་སྤྱི་གླིང་།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号