རྒུན་ཆང་གི་སྐྱེམས་མཆོད། རོལ་དབྱངས་ཀྱི་འདུ་འཛོམས།

ཚེས26ཉིན་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་མི་རིགས་རླུང་འཕྲིན་དང་སྡེ་རོང་རྫོང་ཨུད་དྲིལ་བསྒྲགས་པུས་མཉམ་དུ་གཙོ་གཉེར་བྱས་པའི“ཨ་ལ་ཡེ”རོལ་དབྱངས་ཀྱི་འདུ་འཛོམས་དང2024ལོའི་སྡེ་རོང་རྫོང་གི་འབྲི་ཆུའི་རྒུན་ཆང་རོལ་དབྱངས་དུས་ཚིགས་དེ་དཀར་མཛེས་ཁུལ་སྡེ་རོང་རྫོང་དུ་འགོ་ཚུགས་ཤིང་། དྲ་ཐོག་དྲ་འོག་གི་རྣམ་པ་བརྒྱུད་དེ་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། 

“ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་དགའ་ཚོར་ཡང་ཆེན་པོ་སྐྱེས་བྱུང་། གང་ཡིན་ཟེར་ན་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་ཁར། ང་ཚོའི་རྫོང་གིས་ཀྱང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྣ་ཚོགས་གཉེར་བ་དང་། ལྷག་དོན་དུ་ང་ཚོ་སྡེ་རོང་རྫོང་གི་རྒུན་འབྲུམ་ལ་ལོ་ལེགས་བྱུང་བའི་དུས་དང་ཏག་ཏག་འཁེལ་བས། བཀྲ་ཤིས་ཉིས་བརྩེགས་རང་རེད་ཅེས་བརྗོད་ཆོག ང་ཚོའི་རྫོང་ཇེ་ལེགས་ཇེ་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་ཡུལ་དངོས་ཀྱི་ལྟད་མོ་བ་བློ་བཟང་དོན་གྲུབ་ཀྱིས་གསར་འགོད་པར་འདི་ལྟར་བརྗོད། 

མིག་སྔར་སྡེ་རོང་རྫོང་གི་ས་མཐོར་རྒུན་འབྲུམ་གྱི་ལོ་ལེགས་བྱུང་བའི་དུས་ཚིགས་ཡིན་ཞིང་། རི་གཞོལ་གྲོང་རྡལ་གཡུ་མདོ་ཆུས་ཀྱི་མུའུ་བརྒྱའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་རྒུན་འབྲུམ་རྡོག་པོ་མུ་ཏིག་སྟར་ལ་བརྒྱུས་ལྟར་མགོ་བོ་ཐུར་དུ་དུད་དེ་མཆིས།

ཤེས་རྟོགས་བྱུང་བར་གཞིགས་ན། རི་གཞོལ་གྲོང་རྡལ་གཡུ་མདོ་ཆུས་ནི་འབྲི་ཆུའི་གཡོན་ངོགས་སུ་ཆགས་པ་དང་ཚ་ཁུལ་ཕལ་པའི་སྐམ་ཤས་ཆེ་ལ་རོང་ཁུལ་གནམ་གཤིས་ཁུལ་དུ་གཏོགས་ཤིང་། ཉི་འོད་ཕོག་ཡུན་འདང་ངེས་དང་ཆར་ཆུ་འབབ་ཚད་ཉུང་བ་བཅས་ཡིན་པས། རྒུན་འབྲུམ་འདེབས་འཛུགས་དང་སྐྱེ་འཚར་ཐད་ཕན་ཡོད་ཀྱི་རང་བྱུང་ཁོར་ཡུག་ཐོན་ཁུངས་བཏོད་ཡོད། ས་གནས་དེ་གས་ཀྱང2010ལོ་ནས་བཟུང་། རྒུན་འབྲུམ་ཨ་རག་སྙོལ་བའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ནས། གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱས་ཡོད། 

སྤུས་ལེགས་ཀྱི་རྒུན་འབྲུམ་ཨ་རག་སྙོལ་བཟོའི་རྟེན་གཞིས་གྲོང་མི་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད། ད་དུང་རྒུན་འབྲུམ་ཨ་རག་ལས་སྣོན་བྱེད་པའི་ཁེ་ལས་ཀྱི་ཡིད་དབང་ཡང་བཀུག་ཡོད། མིག་སྔར། སྡེ་རོང་རྫོང་དུ་རྒུན་འབྲུམ་ཨ་རག་གི་ལས་སྣོན་ཁེ་ལས8དང་རྒུན་འབྲུམ་ཨ་རག་གི་འབྲེལ་ཡོད་ལས་ཀ་བྱེད་པའི་ཆེད་ལས་མཉམ་ལས་ཁང2ཡོད་པ་མ་ཟད། རྒུན་འབྲུམ་ཨ་རག་སྙོལ་བའི་འདེབས་འཛུགས་དང་རྒུན་འབྲུམ་ཨ་རག་ཐོན་སྐྱེད་བྱེད་པའི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་འབྲེལ་ཐག་ཅིག་ཀྱང་ཐོག་མའི་ཆ་ནས་ཆགས་ཡོད། 

དེ་མིན། སྡེ་རོང་རྫོང་གི་རྒུན་འབྲུམ་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད། ས་གནས་དེ་གས“དཀར་མཛེས་ཉི་མའི་ལུང་པ”སྟེ་སྡེ་རོང་རྫོང་གི་སྐབས་དང་པོའི་རི་མཐོའི་རྒུན་འབྲུམ་ཨ་རག་གླེང་སྟེགས་ཞེས་པ་གཉེར་བ་དང་། ལས་རིགས་དེའི་རིགས་གཅིག་མཁས་པ་དང་། མཁས་དབང་། ཚོང་པ་བཅས་གདན་དྲངས་ནས། རྒུན་འབྲུམ་ཨ་རག་གི་ཐོན་ལས་གོང་འཕེལ་དང་ཁྲོམ་ར་རྒྱ་བསྐྱེད་གཏོང་བ་སོགས་ཀྱི་བརྗོད་གཞིའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号