འཛམ་གླིང་གར་སྟེགས་ཐོག་གི་སྣམ་བུའི་ཉམས་སྣང་།

ད་ལོའི་ལོ་སྟོད་དུ་ཕ་རི་སིའི་དར་སོ་ཆེ་བའི་ཁྱིམ་ཆས་ཇུས་འགོད་འགྲེམས་སྟོན་ནང་ཞུགས་རྗེས།  ཧྲང་ཧའེ་ཡི་བོད་སྐྱོར་རྣམ་གྲངས་གལ་ཆེན་སྟེ། སྣམ་བུའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་སླར་ཡང་ཡིད་དབང་འཕྲོག་པར་བྱས་ཡོད། ཉིའུ་ཡོག་གི་དུས་ཚོད་ཟླ9པའི་ཚེས24ཉིན། F4Dསྐབས12པའི་ལོ་འཁོར་གྱིFirst Ladies Luncheon(གཙོ་བདག་གི་སྐུ་ཟླའི་དགུང་ཚིགས)ས་གནས་དེ་གར་གཉེར་ཡོད། ཅིན་ཧྲན་ཁེ་ལས་ཧྲ་ཅོན་ར་ཁུར་སྤུས་རྟགས་སྲོལ་གཏོད་མཁན་ཀུའོ་ཤིའུ་ལིང་ལ“2024ལོའི་རྒྱུན་མཐུད་གོང་འཕེལ་གྱི་ལོ་འཁོར་བྱ་དགའ”ཐོབ་པ་དང་འབྲེལ་ས་གནས་ས་ཐོག་ཏུ་སྣམ་བུའི་དར་བཟོ་ཆེ་བའི་ཆས་གོས་འགྲེམས་སྟོན་ཞིག་ཀྱང་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོའི་ཁེ་ལས་པར་བྱེད་སྒོ་དེའི་ཁྲོད་བྱ་དགའ་ཐོབ་ཐེངས་དང་པོ་ཡིན་པ་རེད། སྐབས79པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་རིང་སྤེལ་བའི་བྱེད་སྒོ་ཞིག་ཡིན་པའི་ངོས་ནས། དགུང་ཚིགས་དེ་རྒྱལ་སྤྱིའི་དར་སྲོལ་དགེ་སྒྲུབ་སྟེགས་བུསFashion 4 Development(གཤམ་དུ་F4Dཞེས་བསྡུ་རྒྱུ)གཉེར་འགན་འཁུར་བ་དང་། དེའི་དམིགས་ཡུལ་ནི་ཕྱི་འབྲེལ་དང་ཚོང་ལས། རིག་གནས། དར་སྲོལ་སོགས་ཁྱབ་ཁོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་གོ་ལ་ཧྲིལ་པོའི་བུད་མེད་དང་བྱིས་པར་ཕན་བདེ་སྐྲུན་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

གསོལ་སྟོན་ཚོམས་ཆེན་གྱི་ས་ཡུལ་དངོས་སུ་བརྒྱབ་པའི་གར་སྟེགས་ཐོག སྣམ་ཆས་གྱོན་པའི་ཤོམ་པ་ཚོས་གཡེར་ཁའི་སྒྲ་གྲགས་པ་དང་བསྟུན་ནས། རྒྱུན་འཛིན་དང་གསར་གཏོད། མི་རིགས་དང་འཛམ་གླིང་མཉམ་འདྲེས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ཡུལ་དངོས་སུ་ཧྲ་ཅོན་གྱི་དེང་རབས་བཟོ་རྩལ་ཇུས་འགོད་དང་བོད་ཀྱི་སྣམ་བུའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཟུང་དུ་འབྲེལ་བའི་གྱོན་ཆས་བརྩམས་ཆོས་ཆ35འགྲེམས་སྟོན་བྱས་ཡོད། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས་པ་མ་ཟད། དྲན་རྟེན་འདྲ་པར་བརྒྱབ་ཡོད། 

སྣམ་བུ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཤིག་ཡིན་ལ། མངོན་མིན་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན་པ་དང་། ལོ་ངོ2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེ་ལས་བཟོས་པའི་སྲོལ་རྒྱུན་གྱོན་ཆས་ནི་བོད་ཁུལ་དུ་རྒྱུན་མཐོང་ཞིག་ཡིན་པ་དང་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་གྱོན་ཆས་ཤིག་ཡིན། 2022ལོར་ཧྲང་ཧའེ་ཐོན་ལས་བོད་སྐྱོར་རུ་ཁག་ནང་ཞུགས་རྗེས། ཧྲ་ཅོན་གྱིས་སྤུས་ལེགས་ར་ཁུལ་གྱི་ཐོན་རྫས་གཏོད་པའི་ཉམས་མྱོང་ལ་བརྟེན་ནས། གནའ་བོའི་ལག་རྩལ་བསྐྱར་དར་དང་གསར་གཏོད་ཞིབ་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

གཟི་བརྗིད་དང་སྟོབས་ཤུགས་དེ་དག་འཁྱེར་ཏེ་རྒྱལ་རྩེའི་སྣམ་བུ་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱོད་ཐུབ་ཡོད། གཟི་བརྗིད་དེ་དག་མཚོ་བོད་མཐོ་སྒང་དུ་འབད་འཐབ་བྱེད་མཁན་རོགས་ཟླ་ཚང་མར་དབང་བ་ཞིག་ཡིན།  ཉེ་ལམ་ལོ་ཤས་རིང་། ཀའོ་ཞིའུ་ལིང་དང་ཁོང་གི་ཚོགས་པས་སྲོལ་རྒྱུན་གྱི་འཁལ་འཐག་འཕྲུལ་འཁོར་ལེགས་འགྱུར་བྱེད་པ་དང་། བཟོ་ལྟ་གསར་པ་ཞིབ་སྤེལ་ཇུས་འགོད་བྱེད་པ། ལག་ཤེས་བཟོ་ཁང་འཛུགས་པ། ཞིབ་སྤེལ་ལྟེ་གནས་བསྐྲུན་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྟོངས་ལ་ཉེ་བའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་ཉམས་འགྱུར་གསར་པ་མངོན་འགོ་ཚུགས་པ་མ་ཟད། ས་གནས་དེ་གའི་བུད་མེད་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཀྱང་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ལག་ཤེས་ཁང་དུ་བོད་རིགས་བུད་མེད་ཀྱིས་སྐེ་དཀྲིས་རེ་རེ་འཐག་པར་ལག་གླ་སྒོར300ལྷག་ཙམ་རག་གི་ཡོད་པ་དང་། རིས་མོ་རྙོག་འཛིང་ཆེ་བའི་སྣམ་བུ་ལས་སྣོན་བྱེད་པར་གླ་ཆ་སྒོར1200ལྷག་ཙམ་རག་གི་ཡོད། མི་གཅིག་གིས་ཉིན2ནས3བར་སྣམ་བུའི་ཐོན་རྫས་གཅིག་བཟོ་ཐུབ་ཀྱི་ཡོད་ཅིང་། ཟླ་རེར་ཡོང་འབབ་སྒོར་སུམ་སྟོང་བཞི་སྟོང་ཙམ་ཡོང་གི་ཡོད། མི་འདྲ་ས་ནི་གནས་འདིར་ཁོང་ཚོ་དེ་གར་རྒྱུན་དུ་སྡོད་མི་དགོས་པར་ཁྱིམ་ལས་ཚར་རྗེས་འཐག་ལས་བྱེད་པར་ཡོང་ན་འགྲིག་གི་ཡོད། སྟབས་བསྟུན་གྱི་ལས་ཞུགས་བྱེད་སྟངས་ཀྱིས་བོད་རིགས་བུད་མེད་དེ་བས་མང་བ་ཁྱིམ་ནས་ཐོན་ཏེ་བཟོ་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་བ་དང་། ལག་གཉིས་ལ་བརྟེན་ནས་རང་ཉིད་དང་ཁྱིམ་ཚང་ལ་དབང་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号