མཚོ་ཤར་ས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་གཏོད།

ཟླ10པའི་ཚེས4ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་གྱིས་རིག་གནས་བླ་སྲོག་དང་ཡུལ་སྐོར་གཞི་རྒྱུ། ལུས་རྩལ་བེད་སྤྱོད་བཅས་བྱས་ཏེ། བསམ་བློའི་མཉམ་འདྲེས་དང་། རིག་གནས་མཉམ་འདྲེས། བརྗེ་རེས་མཉམ་འདྲེས། འཕེལ་རྒྱས་མཉམ་འདྲེས་ཀྱི་རིག་གནས་དང་ཡུལ་སྐོར། ལུས་རྩལ། རྒྱང་སྒྲོག་བརྙན་འཕྲིན་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཆགས་པར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཉམ་དུ་ཕྱུག་འགྱུར་བྱེད་པར་ཡར་སྐུལ་བྱས།

ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་གཟུགས་འདས་ཤུལ་བཞག་འགྲེམས་ཁང་བསྐྲུན་པ་དང་། རིག་གནས་ཡུལ་སྐོར་ལས་གཞི40ལག་བསྟར་བྱས་ལ་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཅིག་བཏང་སྟེ། གཞི་རིམ་རིག་གནས་དཔེ་སྟོན་ས་ཚིགས102དང་། ལོ་རྒྱུས་རིག་གནས་ཀྱི་སྡེ་བ་ཉེར་བཞི། གཟུགས་འདས་ཤུལ་བཞག་བཟོ་ཁང21བཅས་བསྐྲུན་པ་དང་། དེ་དག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བའི་གཡུལ་ས་གལ་ཆེན་ཞིག་ཏུ་བརྩིས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དར་གོས་ལམ་བུའི་རི་གླུའི་སྒྱུ་རྩལ་དུས་ཆེན་དང་། རྨ་ཙོང་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་རིག་གནས་བྱ་འགུལ་ཆེ་གྲས་སྤེལ་བ་བརྒྱུད། རིགས་སོ་སོའི་རིག་གནས་མཉམ་འདྲེས་ལ་གསོན་ཉམས་དོད་པའི་འགྲེལ་བཤད་བྱས་ཡོད།

དེ་དང་ཆབས་ཅིག རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས700ལྷག་གཞི་རིམ་དུ་ཐད་ཀར་དྲིལ་བསྒྲགས་བྱས་པ་དང་། རྨ་ཆུ་དང་ཙོང་ཆུའི་རིག་གནས་རྟེན་མཛོད་ཁང་དང་། ལིའུ་ཝན་ཚོན་ལྡན་རྫ་དཀར་རྟེན་མཛོད་ཁང་། གྲོ་ཚང་རྡོ་རྗེ་འཆང་། ལཱ་ཅཱ་རྗེས་ཤུལ་སོགས་ཀྱི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིགས་སོ་སོའི་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་དོན་དངོས་མངོན་པར་བྱས། ལུས་རྩལ་དེ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བའི་སྦྲེལ་ཟམ་གལ་ཆེན་ཞིག་ཏུ་བརྩིས་ནས། ཞོན་ཧྭའི་ལྒང་ལི་འགྲན་བསྡུར་དང་། ཕིན་ཨན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར། དཔའ་ལུང་མདའ་འཕེན་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། ཡུལ་དངོས་སུ་རིག་གནས་ཡུལ་སྐོར་དང་གཟུགས་འདས་ཤུལ་བཞག་སོགས་འོས་སྦྱོར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཁྲི་ལྔ་ལྷག་ཡུལ་དངོས་སུ་ཡོངས་ནས་འགྲན་བསྡུར་ལ་བལྟས་པ་དང་། རིགས་སོ་སོའི་མང་ཚོགས་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号