མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས།

ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ལེགས་ཤོས་ཡིན་ཞེས་པའི་ལྟ་བ་ལག་བསྟར་ནན་མོ་བྱས་ཏེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་ཁྲིམས་ལུགས་ཁྱབ་གདལ་བྱ་འགུལ་སྤེལ་ཞིང་།  ཁྲིམས་སྐྱོང་ཞབས་ཞུའི་འགན་སྲུང་འདོན་སྤྲོད་ལ་ཤུགས་བསྣན་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་དམངས་གཉེར་ཁེ་ལས་ཆུང་འབྲིང་དང་དངུལ་གཏོང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་གསལ་ཐོའི་ཁྲོད་འཇོག་པ་དང་། ཡིད་རྟོན་ཚོང་གཉེར་དྲིལ་སྒྲོག་སོགས་ཞིབ་ཕྲའི་བྱེད་ཐབས་བཅུ་སྤེལ་ཞིང་། སྲིད་ཇུས་འགྲེལ་བཤད་དང་གྱོད་དཔེ་འགྲེལ་བཤད་སོགས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་འགུལ་ཁེ་ལས་དང་གླིང་ཁུལ། ཁྲོམ་ར། ཚོང་ར་བཅས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དེ་འགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་སློབ་པ་དང་བཅའ་ཁྲིམས་སྤྱོད་པའི་ནང་དོན་གཙོ་བོ་བྱས་ནས། སྡེ་ཁག་སོ་སོའི་སློབ་སྦྱོང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཞེས་པ་བརྗོད་གཞི་བྱས་ཏེ། ཐིན་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་ཐེངས་གཅིག་དང་། དམངས་གཉེར་ཁེ་ལས་པའི་འཆད་ཁྲིད་ཆེན་མོ་ཐེངས་གཅིག  བརྗོད་གཞི་རིགས་མི་འདྲ་བ་གཞན་དག་གི་གསོ་སྦྱོང་ཐེངས་བཅུ་ལྷག་བཅས་སྤེལ་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁོངས་གཏོགས་ལས་ཁུངས་སོ་སོས་དུས་སྐབས་གཙོ་བོ་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱ་འགུལ་གཙོ་བོར་བཟུང་བ་དང་། ཟླ་གསུམ་པའི་ཚེས་བཅོ་ལྔའི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་དམིགས་སུ་བཟུང་སྟེ། ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ཞིང་། ཁེ་ལས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་དང་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་སྐྱོང་ཉམས་ལེན་སོགས་ཆེད་དམིགས་བྱ་འགུལ་རྒྱ་ཆེར་སྤེལ་ཞིང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་ལེགས་པོ་བྱས་པ་དང་། ཁེ་ལས་དང་ཚོང་གཉེར་དང་འབྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་དྲིལ་སྒྲོག་བྱེད་པའི་ཐེག་གནས་སྟེགས་བུ་གསར་བ་བསྐྲུན། དྲ་ཚིགས་དང་སྐད་འཕྲིན་སྤྱི་སྟེགས་སོགས་སྟེགས་བུ་བརྒྱུད་དེ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་ཁེ་ལས་ལ་རོགས་བྱས་ནས་དཀའ་གནད་ཐག་གཅོད་བྱེད་པ་སོགས་ཀྱི་དྲིལ་སྒྲོག་ཆ་འཕྲིན་དང་བརྙན་རིས་སྒྲོག་སྤེལ་བྱས། དེ་དང་མཉམ་དུ། ཁུ་ནུའི་ཁྲིམས་རྩོད་པ་ཆེན་མོ་ཞེས་པའི་རྒྱང་སྒྲོག་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལེ་ཚན་གཙོ་སྒྲུབ་བྱས་ནས། ཁྲིམས་སྐྱོང་གིས་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་འདེགས་སྐྱོར་བྱེད་ཅེས་པའི་དྲིལ་སྒྲོག་ཀློག་དེབ་ཉིས་སྟོང་ལྷག་སྒྲིག་རྩོམ་དང་འགྲེམ་སྤེལ་བྱས་པར་མ་ཟད་སྲིད་ཇུས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་གཞི་ཁ་ཤས་འདེམས་ནས་དུས་ལྟར་སྒྲོག་སྤེལ་བྱས།

ཞིང་ཆེན་ཁྲིམས་འཛིན་ཐིན་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ཁོངས་གཏོགས་ལས་ཁུངས་སོ་སོས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ལུགས་དང་སྲིད་ཇུས་སྒྲིག་སྲོལ། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་བཅོས་དང་བཀོལ་མཚམས་བཞག་སྟེ། སྲིད་འཛིན་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སོ་དྲུག་ཐོ་འགོད་བྱས་ནས་ཞིབ་བཤེར་བྱས། ཕྱོགས་ཡོངས་ནས་དབང་གཏོང་དོ་དམ་ཞབས་ཞུའི་བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་ཤིང་། དཔང་ཡིག་ཇེ་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ་སོགས་ཀྱི་དམངས་ལ་ཕན་ཞིང་ཁེ་ལས་ལ་སྟབས་བདེ་བའི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ལས་སྒོ་ཁག་བཅུ་བཞི་དྲ་ཚིགས་གཅིག་ནས་མཉམ་དུ་བསྒྲུབ་ལ། ལས་སྒོ་ལྔ་ཞིང་ཆེན་ལས་བརྒལ་ནས་མཉམ་དུ་བསྒྲུབ་སྟེ། ཁེ་ལས་ཀྱི་མང་ཚོགས་ཡིད་ཚིམ་ཚད་བརྒྱ་ཆའི་དགུ་བཅུ་ཡན་་ལ་སླེབས། ཁེ་ལས་སུམ་བརྒྱ་ལྔ་བཅུར་ཁྲིམས་སྐྱོང་ཉམས་ལེན་ཞབས་ཞུ་འདོན་སྤྲོད་བྱས་ནས། ཁྲིམས་ལུགས་ཀྱི་ཉེན་ཁ་ཆེ་ས་སྟོང་དགུ་དང་ཉིས་བརྒྱ་སོ་གཉིས་འདེམས་བཤེར་བྱས། སྲིད་འཛིན་ཁྲིམས་བསྟར་མི་སྣའི་གསབ་སྦྱོང་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ཞིང་། སྲིད་འཛིན་ཁྲིམས་བསྟར་གྱི་ལམ་ལུགས་གསུམ་དོན་འཁྱོལ་བྱས་པ་དང་། ཁྲིམས་རྩོད་ལས་དོན་ཁང་བཅོ་ལྔ་བདམས་ནས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་ལུགས་ཞབས་ཞུའི་ཚོགས་པ་བཙུགས་ལ། རྣམ་པ་སྣ་མང་གི་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། འདྲི་རྩད་བྱས་ནས་ཁྲིམས་ལུགས་ཞབས་ཞུའི་དགོས་མཁོ་རྒྱུས་ལོན་བྱས་ཏེ། བཅའ་ཁྲིམས་ཁེ་ལས་སུ་བསྐྱོད་པར་སྐུལ་འདེད་བཏང་། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号