གནའ་བོའི་བཟོ་སྐྲུན་ཞིག་གི་འགྱུར་ལྡོག་ཆེན་པོ།

ལྷ་སའི་གྲོང་ཁུལ་རྙིང་པར་སྐྱོད་སྐབས། གནའ་བོའི་བཟོ་སྐྲུན་ལས་མི་རྣམས་ལ་བབ་ཆགས་ཟབ་མོ་ཞིག་འཇོག་པ་མ་ཟད། དེའི་འགྱུར་ལྡོག་ལས་གསོན་ཤུགས་རབ་ཏུ་འཕེལ་ཏེ་ཧ་ལས་པར་གྱུར་གྱི་ཡོད། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཀྱི་གནའ་ཉམས་དོད་པའི་རྣམ་པ་དང་། ལོ་རྒྱུས་རིང་བའི་ལྡེབ་རིས། གསལ་གྲིབ་ཀྱི་དབྱེ་བ་གསལ་བའི་གློག་སྒྲོན། ཁྱད་ཆོས་མངོན་པར་དོད་པའི་སྒྱུ་རྩལ་འགྲེམ་སྟོན་སོགས་ལས་བཟོ་སྐྲུན་རྙིང་པ་ཞིག་གསར་སྐྱེས་བྱུང་བ་གསལ་པོར་མཐོང་ཐུབ་ལ། ལོ་རྒྱུས་ཀྱི་དྲན་འཆར་ཞིག་མི་རྣམས་ལ་མངོན་པར་བྱས་པ་ཡང་རྟོགས་ཐུབ།

རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ནི་བོད་ལྗོངས་ཀྱི་གནའ་བོའི་བཟོ་སྐྲུན་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་བྱས་པའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན། རྗེ་འབུམ་སྒང་ལྷ་ཁང་ནི་དུས་རབས་བཅུ་དགུ་པའི་དུས་སྨད་དུ་བསྐྲུན་པ་ཞིག་ཡིན་པ་དང་། བོད་ལུགས་བཟོ་སྐྲུན་གྱི་ཁྱད་ཆོས་ཡོངས་སུ་མཚོན་པར་བྱེད་པའི་འབུར་གཟུགས་དཀྱིལ་འཁོར་གྱི་གཟུགས་སུ་བསྐྲུན་ཡོད་པ་དང་། དེ་སྔ་གནའ་གྲོང་ལྷ་སའི་མཚོན་རྟགས་རང་བཞིན་ལྡན་པའི་བཟོ་སྐྲུན་ཞིག་ཡིན། དེར་བོད་ལྗོངས་ཀྱི་སྒྱུ་རྩལ་དང་། བཟོ་སྐྲུན། ལོ་རྒྱུས་བཅས་ཀྱི་སྙིང་བཅུད་འདུས་ཡོད། བོད་ལྗོངས་ཀྱིས་གནའ་བོའི་བཟོ་སྐྲུན་དེར་དུས་ཡུན་ལོ་གསུམ་གྱི་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་བྱས་ཡོད། བོད་ལྗོངས་སུ་སྒྱུར་བཀོད་དེ་ལྟ་བུ་བྱེད་ཐེངས་ཐོག་མ་ཡིན་པས་བརྒྱུད་རིམ་ཧྲིལ་པོར་རིག་གཞུང་ལས་རིགས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཀྱི་འགན་འཁུར་བས། ཆུ་འགོག་སྒྱུར་བཀོད་དང་། གློག་ཤུགས་མ་ལག་རིམ་སྤོར། རྟེན་རྫས་བཤམས་མཛོད་ཁང་རིམ་པའི་གློག་འོད་མ་ལག་བསྐྲུན་པ། ནུས་པའི་རང་བཞིན་གྱི་བར་མཐོངས་བསྐྲུན་པ་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད། གནའ་བོའི་བཟོ་སྐྲུན་དེར་བཀྲག་མདངས་གསར་པ་རྒྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་སྤེལ་བའི་ཆ་རྐྱེན་འཛོམས་ཡོད་ཅེས་ངོ་སྤྲོད་བྱས་འདུག

གནའ་བོའི་བཟོ་སྐྲུན་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། སྤྱི་ལོ་2017ལོ་ནས་2019ལོ་བར་བོད་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྗེ་འབུམ་སྒང་ལྷ་ཁང་ལ་སྲུང་སྐྱོབ་རང་བཞིན་གྱི་ཉམས་བཟོ་སྒྱུར་བཀོད་དང་ཡུན་རིང་གཉེར་སྐྱོང་བྱས་ནས་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་རིམ་སྤོར་བྱས་ཡོད། 

ལྷ་སར་གནའ་བོའི་བཟོ་སྐྲུན་ལ་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་དང་སྒྱུར་བཀོད་བྱས་པ་ནི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཁོ་ན་ཙམ་མིན། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་གནའ་གྲོང་སྲུང་སྐྱོབ་ཀྱི་ལས་གྲྭ་སྔ་རྗེས་སུ་ཐེངས་4ལག་བསྟར་བྱས་པས་གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་། གྲོང་མིའི་སྡོད་མལ་ཁོར་ཡུག གནའ་གྲོང་གི་དམིགས་བསལ་རྣམ་པ་སོགས་ཚང་མར་སྲུང་སྐྱོབ་ནུས་ལྡན་བྱུང་བ་དང་ལེགས་སུ་ཕྱིན་ཡོད། ད་ཆ་སྒྱུ་རྩལ་ལྟེ་གནས་དེར་སྒྱུ་རྩལ་པ་མང་པོ་ཞིག་གིས་བརྩམས་ཆོས་འགྲེམ་སྟོན་བྱེད་བཞིན་ཡོད་ཅིང་། རིག་གནས་སྤེལ་རེས་ཀྱི་སྟེགས་བུ་ཞིག་ལ་གྱུར་ནས་གནའ་བོའི་བཟོ་སྐྲུན་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号