【གསར་བརྗེའི་ཉམས་ཞིབ།】མཚོ་བྱང་ཁུལ་གྱིས་གསོ་སྦྱོང་དམ་པོར་བཟུང་ནས་གསར་བརྗེའི་ཉམས་ཞིབ་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་པ།

མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གསར་བརྗེའི་ཉམས་ཞིབ་ཀྱི་ལས་འགན་ཨང་དང་པོ་དང་ལྟེ་བའི་བྱ་བར་བརྩིས་ནས་གསར་བརྗེའི་ཉམས་ཞིབ་བྱ་བ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་བཟོ་སྐྲུན་ཞིག་ཏུ་བརྩིས་ནས་སློབ་གཉེར་སྒྲིག་བཀོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་སློབ་གཉེར་གྱི་རྨང་གཞི་བརྟན་དུ་བཏང་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་གསར་བརྗེའི་ཉམས་ཞིབ་བྱ་བ་གཅིག་གྱུར་གྱིས་ཡག་པོར་སྒྲུབ་ལ། ཟླ5པའི་ཚེས27ཉིན་ནས་ཟླ5པའི་ཚེས31ཉིན་བར། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་གསོ་སྦྱོང་ལྟེ་གནས་ཀྱིས་གསོ་སྦྱོང་འཛིན་གྲྭ་དང་ཉམས་ཞིབ་བྱེད་སྒོ་ཁྱོན་ཐེངས17ལ་སྤེལ་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མི་ཐེངས1850ལྷག་ལ་གསོ་སྦྱོང་བྱས།    

མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭས་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་སློབ་གསོ་གསོ་སྦྱོང་བྱ་བར་ཤུགས་བསྣན་ཏེ་ནུས་ཤུགས་ཡོད་རྒུས་གསར་བརྗེའི་ཉམས་ཞིབ་བྱེད་སྒོ་སྤེལ་ལ། དེའི་རིང“ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཕྱིར་ཚོང་སྤྱི་གཉེར་ཁང་གི་ལས་བྱེད་པའི་དུས་ཐེངས་བཞི་པའི་ལས་བྱེད་པའི་ཉམས་ཞིབ་འཛིན་གྲྭ”དང“ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ཏང་གི་སློབ་གྲྭར་ཞུགས་པའི་དཔེ་སྟོན་འཛིན་གྲྭ” “སྐུ་འབུམ་རྫོང་གི་གསར་གཉིས་བྱ་བའི་ཨུ་ལྷན་གྱི་གསོ་སྦྱོང་འཛིན་གྲྭ”སོགས་ཐེངས6ལ་སྤེལ་ནས་སློབ་མ་མི་ཐེངས900ལྷག་ལ་གསོ་སྦྱོང་བྱས།  

འཇུ་ལག་རྫོང་ཨུའི་ཏང་གི་སློབ་གྲྭས“གང་ཞིག་སྒྲུབ་ན་དེ་སྦྱོང་བ་དང་གང་ཞིག་མི་འདང་ན་དེ་གསབ་པ། གང་ཞིག་ཞན་ན་དེ་སྟོབས་ཆེར་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་ཆེད་དོན་ཟུར་ཁྲིད་དང་བརྗེ་རེས་དཔྱད་གླེང་། བརྙན་ལམ་སློབ་ཁྲིད། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་སྦྱོང་བརྡར་ནང་ཞུགས་པའི་སློབ་མར་སྣ་མང་ཅན་གྱི་སློབ་ཚན་བཟོས་ནས་གསོ་སྦྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དེའི་རིང“འཇུ་ལག་རྫོང་སློབ་གསོའི་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་བསམ་བློ་སྲིད་སྐྱོང་སློབ་གསོའི་གསོ་སྦྱོང་འཛིན་གྲྭ”ཐེངས1ལ་སྤེལ་ནས་སློབ་མ་མི་ཐེངས280ལྷག་ལ་གསོ་སྦྱོང་བྱས།    

མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭས་ནན་ཏན་གྱིས་འགན་འཁྲི་སྒྲུབ་པ་དང་ལྟེ་བར་དམིགས་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་མདོ་ལའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཉམས་ཞིབ་ལམ་བུའི་ཐོག་བསྐྱོད་པ་དང་གསར་བརྗེའི་ཉམས་ཞིབ་ལ་དམ་པོར་དམིགས་ནས་ཁྱད་ལྡན་སློབ་ཚན་དང་ཁྱད་ལྡན་སྡེ་ཚན། ཁྱད་ལྡན་གསོ་སྦྱོང་སོགས“ཁྱད་ལྡན་གསུམ”གྱི་སློབ་ཁྲིད་བྱེད་སྟངས་ཧུར་ཐག་སྒོས་བཏོད་ནས་གསར་བརྗེའི་ཉམས་ཞིབ་གསོ་སྦྱོང་སྤེལ། དེའི་རིང་། འདམ་གཞུང་རྫོང་གི་ན་གཞོན་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་སློབ་མ30ཡིས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པའི་ལས་འགན་ཁུར་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་ཡུན་རིང་ཚན་ཞིབ་རྟེན་གཞི་དང་དམར་དམག་ནུབ་ལམ་དམག་དཔུང་བཅིང་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་ཁང་། ཁ་གཟེབ་ལུང་བ་སྡེ་བའི་ལོ་རྒྱུས་ཁང་བཅས་ལ་ལྟ་སྐོར་བྱས།

རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭས་སྡེ་བའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། “བཤད་ཤེས་པ་དང་འབྲི་ཤེས་པའི”དུས་རབས་གསར་པའི་སྡེ་བའི་ལས་བྱེད་པའི་དཔུང་ཁག་ཁག་ཅིག་གསོ་སྐྱོང་བྱས་ཏེ་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་ཁྲོད་རྒྱུན་དུ་སྤྱོད་པའི་སྤྱི་སྐད་དང་རྒྱ་ཡིག་གི་ནང་དོན་ཚད་ལྡན་དུ་གཏོང་བར་དམིགས་ནས་དགེ་རྒན་གྱིས་ཀློག་ཁྲིད་དང་མཉམ་འགུལ་སློབ་ཁྲིད། ལག་ལེན་སྦྱོང་བརྡར། ཡུལ་སྣང་བཤད་རེས་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། དེའི་རིང་། “སྡེ་བའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ”ཐེངས1ལ་སྤེལ་བ་དང་སློབ་མ་མི་ཐེངས300ལྷག་ལ་གསོ་སྦྱོང་བྱས།

མདའ་བཞི་རྫོང་ཨུའི་ཏང་གི་སློབ་གྲྭས་ཆབ་སྲིད་སློབ་གྲྭ་དང་གསར་བརྗེ་སློབ་གྲྭའི་ངོ་བོ་མངོན་ཏེ་ལྟེ་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ལས་བྱེད་པ་གསོ་སྦྱོང་དང་བསམ་བློའི་སྣེ་ཁྲིད། རིགས་གཞུང་འཛུགས་སྐྲུན། ཐབས་ཇུས་བློ་འདྲི་བཅས་ཀྱི་འགན་ནུས་ཆེན་པོ་བཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས། རིགས་གཞུང་སློབ་གསོ་དང་ཏང་གཤིས་སློབ་གསོའི་སློབ་ཚན་གཙོ་བོའི་བསྡུར་ཚད་མངོན་གསལ་ཇེ་དོད་དུ་བཏང་ནས། རིགས་པའི་གཞུང་ལུགས་སློབ་གསོ་དང་ཏང་གཤིས་སློབ་གསོ། ནུས་པ་གསོ་སྦྱོང་བཅས་ཀྱི“སློབ་གསོ་གསུམ་མཉམ་སྤེལ”མངོན་འགྱུར་བྱས་ཤིང་། དུས་མཚུངས་སུ་གསོན་ཉམས་དོད་པའི་སློབ་ཁྲིད་བྱེད་སྟངས་སྣ་མང་དང་ཟུང་འབྲེལ་བྱས་ནས་སློབ་མར་སློབ་སྦྱོང་གཏིང་ཟབ་བྱེད་པར་རོགས་རམ་བྱས་ཏེ་ནུས་པ་ཆེ་རུ་གཏོང་བ་དང་བློ་གྲོས་འཕེལ་བའི་ཕན་འབྲས་ཐོབ། དེའི་རིང་། “2024ལོའི་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ”ཐེངས1ལ་སྤེལ་ནས་སློབ་མ་མི་ཐེངས120ལྷག་ལ་གསོ་སྦྱོང་བྱས།

མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཡན་ལག་བཟོ་གྲྭ་གསུམ་པའི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོགས་པ་དེ་བས་མང་བ་རང་ཁུལ་དུ་ཡོང་ནས་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་གི་བྱེད་སྒོ་སྤེལ་བའི་ཡིད་དབང་བཀུག རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་གཏོང་པའི་བྱེད་ཐབས་ལ་བརྟེན་ནས་གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཚོའི་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་གཅེས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་། དེའི་རིང"མཐོ་སྒང་དུ་བསྐྱོད·ཕ་ཡུལ་ལ་དགའ། ཕ་ཡུལ་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱེད་པའི"རིགས་སོ་སོའི་ལོ་ཆུང་བྱིས་པ་ཆིག་སྟོང་གི་གསར་བརྗེའི་ཉམས་ཞིབ་དང་ནུབ་མཚོའི་སློབ་མའི་གསར་འགོད་པའི་ཚོགས་པའི་དམག་དོན་ཉམས་ལེན་ཐེངས2ལ་སྤེལ་ནས་སློབ་མ་མི་ཐེངས80ལྷག་ལ་གསོ་སྦྱོང་བྱས།

ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་གསོ་སྦྱོང་ལྟེ་གནས་ཀྱིས་ཏང་གཤིས་སློབ་གསོ་སྣེ་ཁྲིད་དུ་བྱེད་པ་དང་། གསར་བརྗེའི་རིག་གནས་ཐོན་ཁུངས་གཞི་རྟེན་དུ་བྱེད་པ། ལས་རིགས་ཁྱབ་ཁོངས་ཀྱི་ཤེས་བྱ་དམ་འཛིན་བྱ་གཞིར་བྱེད་པ། "རིགས་པའི་གཞུང་ལུགས་སློབ་སྦྱོང+ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན+གསར་བརྗེའི་ཉམས་ཞིབ"བཅས་ཀྱི་སློབ་ཁྲིད་མ་དཔེ་བཟོས་པ་དང་། "531"གི་སློབ་ཡུན་གྱི་བཀོད་སྒྲིག་བཟོས་ནས་གསར་བརྗེའི་ཉམས་ཞིབ་དང་རྒྱ་གྲམ་དམར་པོའི་མཁོ་བསྟུན་སྲོག་སྐྱོབ་གསོ་སྦྱོང་གཉིས་ཀར་སྐུལ་འདེད་དང་མཐོར་འདེགས། མཉམ་འདྲེས་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་དང་སྐུལ་འདེད་ནུས་ལྡན་བཏང་། དེའི་རིང་། མདའ་བཞི་རྫོང་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སྙོར་ཁང་གི་དགེ་རྒན། མདའ་བཞི་རྫོང་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་སོགས་ལ་ཁ་ཕྱོགས་ནས་མཁོ་བསྟུན་སྲོག་སྐྱོབ་ཤེས་བྱའི་གསོ་སྦྱོང་འཛིན་གྲྭ་ཐེངས6ལ་སྤེལ་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མི་ཐེངས215ལྷག་ལ་གསོ་སྦྱོང་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号