【གསར་བརྗེའི་ཉམས་ཞིབ།】མཚོ་ཤར་གྲོང་ཁྱེར་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་པའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་སློབ་མགོ་བརྩམས།

ཟླ6པའི་ཚེས12ཉིན། མཚོ་ཤར་གྲོང་ཁྱེར་དམངས་ཆེན་འཐུས་མིའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་པའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་ནས་སློབ་མགོ་བརྩམས། མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་པའེ་ཝན་ཁོས་མགོ་རྩོམ་མཛད་སྒོར་ཕེབས་ནས་གསུང་བཤད་གནང་པ་དང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན་གྱིས་དགའ་བསུའི་ཤིས་ཚིག་ཕུལ་ལ། མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་བྱེད་པ་དང་དམངས་ཆེན་འཐུས་མི་སོགས་སློབ་མ44ཞུགས། 

མགོ་རྩོམ་མཛད་སྒོའི་སྟེང་། ལི་ཞུ་ཀྲེན་གྱིས་གསོ་སྦྱོང་འཛིན་གྲྭའི་སློབ་མར་མཚོ་བྱང་གི་ས་ཁམས་གནས་ཚུལ་མདོར་བསྡུས་དང་གསར་བརྗེའི་ཉམས་ཞིབ་ཁྱད་ཆོས། མཚོ་བྱང་གིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། རྒྱལ་གཅེས་ཁྱིམ་སྐྱོང་གི་བརྩེ་སེམས་ཟབ་ཏུ་གཏོང་པ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་སོགས་ཐད་ཀྱི་འབད་བརྩོན་དང་གྲུབ་འབྲས་ངོ་སྤྲོད་གནང་ནས་གསོ་སྦྱོང་འཛིན་གྲྭའི་སློབ་མས་ཐེངས་འདིའི་གསོ་སྦྱོང་བརྒྱུད་སྦྱངས་འབྲས་དོན་སྨིན་ཡོང་པའི་རེ་བ་ཞུས།

པའེ་ཝན་ཁོས་ཀྱིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་དེ་ཁྱོན་ཉིན་བཞི་ལ་བཀོད་སྒྲིག་བྱས་ནས་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་སྦྱོང་། ཡུལ་དངོས་ལྟ་སྦྱོང་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་བེད་སྤྱོད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ། དམངས་ཆེན་འཐུས་མི་དང་དམངས་ཆེན་ལས་བྱེད་པའི་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ། བྱ་བའི་ལས་སྒོའི་ཆུ་ཚད་ཆེ་རུ་གཏོང་པ་དང་། དམངས་ཀྱི་ཆེད་དུ་གཏམ་བཤད་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་ཤར་གྱི་ལེའུ་གསར་པ་འབྲི་བའི་ཞིབ་ཕྲའི་བྱ་བའི་ཁྲོད་དམངས་ཆེན་གྱི་བྱས་རྗེས་རྒྱུན་ཆད་མེད་པར་འབུལ་རྒྱུ་དེ་དམིགས་ཡུལ་ཡིན་ཟེར། དེ་དང་ཆབས་ཅིག་སློབ་མ་ཡོངས་ལ་ངོས་འཛིན་མཐོར་འདེགས་དང་བསམ་བློ་གཅིག་གྱུར་ཡོང་བར་བྱས་ཏེ་དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བ་ཡག་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཏན་ཏིག་ཆེ་རུ་གཏོང་དགོས་ལ། དམངས་ཆེན་ལས་བྱེད་པ་དང་དམངས་ཆེན་འཐུས་མིའི་ཐོབ་ཐང་ལ་གཅེས་འཛིན་བཅས་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་དམངས་དོན་གྱི་འགན་འཁྲི་སྒྲུབ་པའི་ནུས་པ་དང་འཇོན་ཐང་སྣེ་ཁྲིད་དེ་མཐོར་འདེགས་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་འཐུས་མིར་སྤྲད་པའི་འགན་དབང་སོ་སོ་ལག་བསྟར་ཏན་ཏིག་བྱེད་པ། དམངས་ཆེན་འཐུས་མིའི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཡག་པོར་སྒྲུབ་དགོས་ཤིང་། གནས་བབ་ཡང་དག་བཟོས་ནས་ཁེངས་སྐྱུང་གིས་སློབ་སྦྱོང་བྱས་ཏེ་དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་བྱ་བའི་ཐད“ཅིའི་ཕྱིར་སྒྲུབ་པ་དང་། ཇི་ལྟར་སྒྲུབ་དགོས་པ། ཇི་ལྟར་ཡག་པོར་སྒྲུབ་པ”ཞེས་པའི་ཞིབ་འཇུག་བྱ་གཞི་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ་མཐའ་གསལ་མཐིལ་རྟོགས་དང་དོན་དངོས་ཟུང་འབྲེལ་བྱེད་པ། བསམ་གཞིགས་གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱེད་དགོས། སྒྲིག་ཁྲིམས་ནན་སྲུང་དང་སྣང་བརྙན་ཡག་པོ་བཟོས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བཅས”བྱེད་པའི་བྱ་བའི་བླང་བྱ་སྔར་བས་ལག་བསྟར་བྱས་ནས་གསོ་སྦྱོང་ནང་ཞུགས་པ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱ་བསྐྱེད་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་བརྩིས་ཏེ་སློབ་མ་དོ་དམ་གྱི་སྒྲིག་ཁྲིམས་སོ་སོར་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། རང་རྟོགས་ཀྱིས་དོ་དམ་ལ་བརྩི་སྲུང་དང་སྒྲིག་ཁྲིམས་ནན་མོ་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་སློབ་སྦྱོང་གི་ཕན་འབྲས་འགན་ལེན་བྱས་ཏེ་མཚོ་ཤར་དམངས་ཆེན་འཐུས་མིའི་ལས་བྱེད་པ་དང་དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་པོ་ཐུན་མོང་ངང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号