དགའ་རོགས་ཀྱི་ཁྱིམ་ལ་ལྐོག་ཏུ་བརྙན་མིག་བཙུགས་ན་ཁྲིམས་འགལ་ཡིན་ནམ།

གྱོད་དཔེ།

སྒྲོལ་འབུམ་ལ་གྲོགས་པོ་ཞིག་གིས་གཡང་སྐྱིད་ངོ་སྤྲོད་བྱས་ཏེ་ངོ་ཤེས་པར་མ་ཟད།ཁོ་གཉིས་ཀྱིས་འབྲེལ་འདྲིས་བྱས་ནས་དུས་ཡུན་རིང་པོ་མ་ཕྱིན་པར་མཛའ་གྲོགས་ཀྱང་བསྒྲིགས།གཡང་སྐྱིད་ཀྱི་ཡག་མོ་སྒོ་དང་ལུས་སྐྱེ་གཟུགས་ཀྱིས་ཀུན་གྱི་ཡིད་དབང་འཕྲོག་པས་མོར་མཛའ་གྲོགས་བསྒྲིག་འདོད་མཁན་གྱི་གསར་བུ་གང་མང་མཆིས།སྒྲོལ་འབུམ་ནི་དོགས་པ་ཟ་རྒྱུར་དགའ་བའི་མི་ཁོག་ཆུང་ཞིག་ཡིན་གཤིས།རྒྱུན་དུ་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་གཡང་སྐྱིད་མི་གཞན་དང་རྒྱུན་ལྡན་མིན་པའི་འབྲེལ་བ་ཡོད་པར་བསམས་ཏེ་ཐེ་ཚོམ་གྱིས་རང་ཉིད་སྡུག་ལ་སྦྱོར་བ་དང་།གཡང་སྐྱིད་ཀྱིས་སྒྲོལ་འབུམ་གྱི་བྱེད་སྟངས་དང་ཚུགས་ཀ་དེར་བཟོད་སྒོམ་བྱེད་ཐབས་མེད་པར་ཁ་ཁར་འགྲོ་རྒྱུའི་རེ་བ་བཏོན་པ་ན།སྒྲོལ་འབུམ་གྱིས་པུས་མོ་ཐང་ལ་བཙུགས་ནས་གཡང་སྐྱིད་ལ་ཞུ་བ་བྱས་མཐར་བཟོད་སྒོམ་གནངས་ཏེ་འགལ་བ་མེད་པར་བཟོས་ནའང་།སྒྲོལ་འབུམ་སྔར་བཞིན་དོགས་པ་ཡིས་ཁེངས་ཏེ་གཡང་སྐྱིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱ་ཆེད།ཁྲིམས་འགལ་སྒོས་ལྐོག་ལེན་བརྙན་མིག་དང་ཉན་ཆས་གཉིས་ཉོས་ནས་མོ་མེད་པའི་བར་གླགས་དང་བསྟུན་ནས་ཁྱིམ་དུ་བཙུགས།དེ་ནས་བཟུང་སྒྲོལ་འབུམ་གྱིས་གཡང་སྐྱིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་བྱས་ནས།མོས་ལན་རེར་མི་གཞན་ལ་ཁ་པར་དང་བརྙན་གང་རུང་གི་ལམ་ནས་ཁ་བརྡ་བྱེད་པ་མཐོང་ཚེ།འཕྲལ་དུ་གཡང་སྐྱིད་ལ་ཚ་འདྲི་བྱེད་པ་མིན་ན་སེམས་པ་དུམ་བུར་གཏོང་བའི་སྐད་ཆ་སྣ་ཚོགས་བཤད་ངེས།གཡང་སྐྱིད་ཀྱི་སེམས་སུ་མོའི་འགྲོ་འདུག་ལ་སྒྲོལ་འབུམ་གྱིས་འདི་འདྲའི་རྒྱུས་ལོན་གསལ་པོ་ཞིག་བྱེད་ཐུབ་པ་ཅི་ཡིན་སྙམ་ནས་སྐྲག་སྣང་གིས་རབ་ཏུ་ཁེངས།ཕྱིས་སུ་ཁོ་གཉིས་བར་དུ་འགལ་བ་ཏོག་ཙམ་བྱུང་ཚེ།སྒྲོལ་འབུམ་གྱིས་མོའི་ལྭ་བ་བརྗེས་པ་དང་ཁྲུས་བྱེད་པའི་རྣམ་པ་སོགས་བརྙན་དང་པར་བླངས་ཏེ།ཁ་པར་ཨང་གྲངས་གཞན་ཞིག་བཀོལ་ནས་སྒེར་ལ་བསྐུར་ཏེ་འཇིགས་སྐྲག་བཟོས་པས།གཡང་སྐྱིད་དེ་ལྟར་འཇིགས་སྐྲག་གིས་མ་བཟོད་པར་སྨྱོ་ནད་ཚབས་ཆེན་བྱུང་སྟེ་སྨན་ཁང་དུ་བསྐྱལ།

བཅའ་ཁྲིམས་དབྱེ་ཞིབ།

གྱོད་དོན་འདི་ཁྲིམས་འགལ་སྒོས་ལྐོག་ཉན་དང་ལྐོག་ལེན་བརྙན་མིག་གི་ཆེད་སྤྱོད་ཡོ་བྱད་བཀོལ་བའི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ་དུ་ཆེད་སྤྱོད་ཡོ་བྱད་འདིའི་རིགས་ནི་ཁྲིམས་འགལ་སྒོས་ཉར་འཇོག་དང་བེད་སྤྱོད་བྱས་མི་ཆོག་པའི་དངོས་རྫས་ཡིན། བཅའ་ཁྲིམས་ཀྱིས་དམིགས་བསལ་གྱི་དབང་ཆ་སྤྲད་ཡོད་པ་ལས་གཞན་བདག་བཟུང་དང་བེད་སྤྱོད་བྱས་པ་ནི་ཁྲིམས་འགལ་ཡིན། རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན284པའི་གཏན་འཁེལ་ལྟར་ན། “ལྐོག་ཉན་དང་ལྐོག་ལེན་བརྙན་མིག་གི་ཆེད་སྤྱོད་ཡོ་བྱད་བཀོལ་ནས་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ།དུས་བཀག་བཙོན་འཇུག་ལོ2མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ”ཞེས་བཀོད་ཡོད། དེར་བརྟེན།ནག་ཉེས་འདི་ནི་མཇུག་འབྲས་ལས་ཐོན་པའི་ནག་ཉེས་ཤིག་ཡིན་ཞིང་། ཡང་ཅིག་བཤད་ན་བྱ་སྤྱོད་འདིའི་རིགས་ནག་ཉེས་སུ་གྲུབ་དགོས་ན་ངེས་པར་མཇུག་འབྲས་ཚབས་ཆེན་བཟོ་དགོས། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་མཇུག་འབྲས་ཚབས་ཆེན་བཟོས་མེད་ཚེ་ནག་ཉེས་སུ་མི་གྲུབ་མོད།འོན་ཀྱང་བདེ་སྲུང་ཆད་གཅོད་འཕོག་ངེས།

གོང་གི་གྱོད་དོན་འདིའི་ཁྲོད་དུ།སྒྲོལ་འབུམ་གྱིས་དགའ་རོགས་ལ་ལྟ་རྟོག་བྱ་ཆེད། འབྲེལ་ཡོད་ཀྱི་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་ཅི་ཡང་མ་བསྒྲུབ་པའི་གནས་ཚུལ་འོག ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་དེ་བརྙན་མིག་དང་ལྐོག་ཉན་ཡོ་བྱད་ཉོས་ཏེ།གཡང་སྐྱིད་ཀྱིས་གནས་ཚུལ་ཅི་ཡང་མི་ཤེས་པའི་གནས་ཚུལ་འོག་བརྙན་མིག་དང་ལྐོག་ཉན་ཡོ་བྱད་མོའི་ཁྱིམ་དུ་བཙུགས་པས། དེ་ནི་ཁྲིམས་འགལ་གྱིས་ལྐོག་ཉན་དང་ལྐོག་ལེན་བརྙན་མིག་བཀོལ་བ་རུ་གྲུབ་ཡོད། སྒྲོལ་འབུམ་གྱིས་ལྐོག་ཏུ་གཡང་སྐྱིད་ཀྱིས་ཁ་པར་གཏོང་བར་ཉན་པ་དང་། བརྙན་ལམ་ནས་ཁ་བརྡ་བྱེད་པར་ལྟ་རྟོག་བྱས་ཤིང་།ཁྲུས་བྱེད་པའི་བརྙན་དང་པར་བླངས་ནས་སྒེར་ལ་བསྐུར་ཏེ་བསམ་བློའི་སྟེང་གནོན་ཤུགས་མི་ཉུང་བ་ཞིག་བཟོས་རྗེས།སྨྱོ་ནད་ཕོག་སྟེ་མཇུག་འབྲས་ཚབས་ཆེན་བཟོས་པར་བརྟེན།སྒྲོལ་འབུམ་གྱི་བྱ་སྤྱོད་ནག་ཉེས་སུ་གྲུབ་ཡོད་ལ་བཅའ་ཁྲིམས་ཀྱི་ཆད་པ་ནན་མོ་འཕོག་ངེས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号