དུག་འགོག་ཉིན་མོར་དཔེ་མཚོན་གྱོད་གཞི་བཅུ་ཡོངས་བསྒྲཊ་བྱས་འདུག

དེ་རིང་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས་37པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚེས་25ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་ལོ་2023ལོའི་ཚུན་གྱི་མི་དམངས་ཁྲིམས་ཁང་གི་དུག་འགོག་ལས་དོན་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་འབྲེལ་ཡོད་དཔེ་མཚོན་གྱོད་གཞི་བཅུ་ཡོངས་བསྒྲགས་བྱས་འདུག

དཔེ་མཚོན་གྱི་གྱོད་གཞི་བཅུ་ནི།

དང་པོ། པའེ་ཆེ་གེ་མོས་དུག་རྫས་ལྐོག་འདྲེན་དང་ལྐོག་ཚོང་བྱས་པ་དང་། མི་གཞན་དག་སྒྲིག་འཛུགས་བྱས་ནས་ཁྲིམས་འགལ་ངང་རྒྱལ་མཚམས་སྒྲོལ་བ་དང་། ཁྲིམས་འགལ་ངང་བཀག་ཉར་བྱས་པའི་གྱོད་གཞི། དེ་ཡང་། ཁོ་པས་ཉེས་གསོག་ཚོགས་པ་སྒྲིག་འཛུགས་བྱས་པ་མ་ཟད་མི་སྣ་གཞན་དག་ནས་དུག་རྫས་ལྐོག་འདྲེན་ལྐོག་ཚོང་བྱ་རྒྱུ་སྒྲིག་འཛུགས་དང་བཀོད་འདོམས་བྱས་པས། ནག་ཉེས་ཚབས་ཆེན་བསགས་རྐྱེན་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

གཉིས་པ། ལི་ཆེ་གེ་མོས་དུག་རྫས་ལྐོག་འདྲེན་ལྐོག་ཚོང་བྱས་པའི་གྱོད་གཞི། དེ་ཡང་ཁོ་པ་ནད་གཞིའི་དབང་གིས་བཙོན་ཁང་ཕྱི་རུ་སྨན་བཅོས་བྱེད་པའི་རིང་མི་སྣ་གཞན་དག་རུབ་བསྡུས་བྱས་ཏེ་ཞིང་ཆེན་བརྒལ་ནས་དུག་རྫས་ལྐོག་འདྲེན་བྱས་པས། ནག་ཉེས་ཚབས་ཆེན་བསགས་རྐྱེན་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

གསུམ་པ། ཧོང་ཆེ་གེ་མོས་དུག་རྫས་ལྐོག་ཚོང་བྱས་པའི་གྱོད་གཞི། དེ་ཡང་ཁོ་པས་ནར་མ་སོན་པའི་མི་སྣར་མགོ་སྐོར་གཏོང་བ་དང་ངན་སྐུལ་བྱས་ནས་དུག་རྫས་ལྐོག་ཚོང་བྱས་པས། ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

བཞི་པ། ཁྲེན་ཆེ་གེ་མོས་ ཁྲིམས་འགལ་ངང་སྦྲིད་སྨན་མཁོ་འདོན་བྱས་པའི་གྱོད་གཞི། དེ་ཡང་ཁོ་པ་སྨན་དོན་མི་སྣ་ཞིག་ཡིན་པའི་ཆ་ནས་སྦྲིད་སྨན་ལ་དབྱིངས་ཞུགས་པའི་མི་སྣར་ཁྲིམས་འགལ་ངང་ནས་སྦྲིད་སྨན་མཁོ་འདོན་བྱས་པས། ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

ལྔ་པ། ཁྲེན་ཆེ་གེ་མོས་དུག་རྫས་ལྐོག་འདྲེན་ལྐོག་ཚོང་བྱས་པའི་གྱོད་གཞི། དེ་ཡང་ཁོ་པས་དུག་རྫས་ཁ་ཧྥེ་དབྱིན་ལྐོག་འདྲེན་ཐེངས་མང་བྱས་པ་མ་ཟད་དྲ་ཐོག་ཏུ་ལྐོག་ཚོང་བྱས་རྐྱེན། གནས་ཚུལ་ཚབས་ཆེ་བས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

དྲུག་པ། ཀྲང་ཆེ་གེ་མོས་དུག་རྫས་ལྐོག་ཚོང་བྱས་པ་དང་མི་གཞན་དག་དུག་འཐེན་དུ་བཅུག་པའི་གྱོད་གཞི། དེ་ཡང་ཁོ་པས་ནར་མ་སོན་པའི་མི་སྣར་དུག་རྫས་བཙོངས་པ་དང་དུག་འཐེན་དུ་བཅུག་པས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

བདུན་པ། ཁྲེན་ཆེ་གེ་མོས་དུག་རྫས་ལྐོག་འདྲེན་བྱས་པའི་གྱོད་གཞི། དེ་ཡང་ཁོ་པ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་རིང་སོ་མ་ར་ཙའི་དུག་ལ་དབྱིངས་ཞུགས་པ་དང་། རྒྱལ་ནང་དུ་ཕྱིར་ལོག་བྱས་རྗེས་སོ་མ་ར་ཙའི་དུག་ལས་བཟོས་པའི་གློག་རྡུལ་ཐ་མག་ལྐོག་འདྲེན་བྱས་རྐྱེན། ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

བརྒྱད་པ། ཝང་ཆེ་གེ་མོས་དུག་རྫས་ལྐོག་འདྲེན་ལྐོག་ཚོང་དང་། བཙན་གཡེམ། འཆལ་སྤྱོད་སོགས་བྱས་པའི་གྱོད་གཞི། དེ་ཡང་ཁོ་པས་རྒྱལ་ཁབ་ནས་བཀག་སྡོམ་ཚོད་འཛིན་བྱེད་པའི་རིག་པ་ཉམས་ཆེད་ཀྱི་སྨན་ལྐོག་འདྲེན་ལྐོག་ཚོང་བྱས་པ་མ་ཟད་རིག་པའི་ཉམས་ཆེད་ཀྱི་སྨན་ལ་བརྟེན་ནས་མི་གཞན་ལ་བཙན་གཡེམ་དང་འཆལ་སྤྱོད་བྱས་པས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

དགུ་པ། སྙེ་ཆེ་གེ་མོས་ཉེན་ཁ་ཆེ་བའི་བྱ་ཐབས་ཐོག་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་གྱོད་གཞི། དེ་ཡང་ཁོ་པས་སྨི་ཞག་སོགས་ཀྱི་གྲུབ་ཆ་འདུས་པའི་གློག་རྡུལ་ཐ་མག་འཐེན་པ་དང་། རིག་པ་མི་གསལ་བར་གྱུར་རྗེས་རླངས་འཁོར་བཏང་རྐྱེན་འགྲིམ་འགྲུལ་དོན་རྐྱེན་ལྷག་པས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

བཅུ་པ། ཡུའེ་ཆེ་གེ་མོ་དང་ཅྰ་ཆེ་གེ་མོས་ཁྲིམས་འགལ་ཚོང་གཉེར་བྱས་པའི་གྱོད་གཞི། དེ་ཡང་ཁོ་གཉིས་ཀྱིས་ནར་མ་སོན་པའི་མི་སྣར་ཁྲིམས་འགལ་ངང་དུག་རྫས་བཙོངས་པས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号