བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(35 )

ང་དྲུག་པ། གསར་འགྱུར་གླེང་ཕྱོགས་ལས་དོན་ནི་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་མདུན་གྲལ་དུ་གནས་ཡོད་ཅིང་། དེ་ནི་ཏང་གི་བྱ་གཞག་གལ་ཆེན་ཞིག་དང་། རྒྱལ་སྲིད་སྐྱོང་ལུགས་དང་རྒྱལ་འཛུགས་སྲིད་འཇགས་ཀྱི་དོན་ཆེན་ཞིག་ཀྱང་ཡིན། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་པར། ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་གོ་གནས་དང་པོར་འཇོག་པ་དང་། ཏང་གཤིས་རྩ་དོན་རྒྱུན་སྐྱོང་བ། ཏང་གིས་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས། སྨྱན་བྱད་བཅས་ལ་དོ་དམ་བྱེད་པ་རྒྱུན་སྐྱོང་བ། ཆབ་སྲིད་པས་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། གསར་འགྱུར་དྲ་ཚིགས་བཅས་སྒྲུབ་པ་རྒྱུན་སྐྱོང་དགོས། ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་རྒྱུན་སྐྱོང་བ་དང་། དྲང་ཕྱོགས་དྲིལ་སྒྲོག་གཙོ་བོར་འཛིན་པ་རྒྱུན་སྐྱོང་བ། ཚད་དང་རན་པའི་ཕན་འབྲས་ཁོང་དུ་ཆུད་པ། གཞི་གདངས་གཙོ་བོ་གྱེར་བ། ཡར་སྐུལ་ནུས་པ་དར་སྤེལ་བཏང་ནས། དུས་རབས་གསར་པར་འབད་པས་བསྐྱོད་པའི་གཙོ་རྒྱུག་བསམ་བློའི་གླེང་ཕྱོགས་སྲ་བརྟན་རྒྱ་སྐྱེད་གཏོང་དགོས། 


—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号