མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།


ཟླ10པའི་ཚེས26ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཐེངས་གཉིས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་མཐུད་ངང་ལས་ཞུགས་དང་སློབ་གསོ། བདེ་ཐང་། རྒན་གསོ་སོགས་དམངས་ཚིས་ཁྱབ་ཁོངས་གཙིགས་སུ་བཟུང་བ་དང་། སྡེ་ཁག་མཉམ་ལས་དང་གོང་འོག་མཉམ་འབྲེལ། གཙོ་གནད་ལྟ་སྒྲུབ། དུས་བཀག་ལྟར་ཕྱིར་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། བརྗོད་དོན་སློབ་གསོ་དང་དམངས་ཚིས་དོན་དངོས་མཉམ་བསྲེས་མཉམ་འཕེལ་བྱེད་པར་སྐུལ་འདེད་བཏང་།

མི་བཀོལ་དང་མང་ཚོགས་ལས་ཞུགས་ཀྱི་ཕྱོགས་གཉིས་ཀྱི་དགོས་མཁོ་ལ་དམིགས་ནས། མཚོ་བྱང་ཁུལ་གྱིས་ཕན་མཐོ་དང་སྟབས་བདེའི་མི་བསྡུ་ལས་ཞུགས་ཀྱི་ཐབས་ལམ་བཙུགས་པ་དང་། མི་བཀོལ་དང་ལས་ཞུགས་ཐད་ཀྱི་རིགས་མི་འདྲ་བའི་དཀའ་ཁག་གནད་དོན་ཐག་བཅད་ལ། དྲ་ཐོག་གི་ཐད་གཏོང་བརྒྱུད་དེ་ལས་རྐང་ངོ་སྤྲོད་བྱེད་པ་དང་དྲ་ཕྱིའི་མི་བསྡུ་གཉིས་ཟུང་འབྲེལ་བྱས་པའི་སྦྲེལ་མཐུད་སྟེགས་བུ་བཙུགས་པ་དང་། དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་རོགས་སྐྱོར་ཟླ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁྲོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སོགས་མུ་འབྲེལ་བྱ་འགུལ་སྤེལ་ནས། མི་ཐེངས་སྟོང་དྲུག་དང་བརྒྱ་ལས་ཞུགས་བྱེད་ཐུབ་པར་བྱས།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་བྱང་ཁུལ་སློབ་གསོ་སྡེ་ཁག་གིས་མཐོ་འབྲིང་དཀྱུས་མའི་དུས་རིམ་གྱི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་བདུན་ཁྲི་བཞི་བརྩོན་ལེན་བྱས་ཏེ། མཐོ་རིམ་སློབ་འབྲིང་དཀྱུས་མ་གསུམ་དུ་སློབ་གྲྭའི་ཉལ་ཁང་དང་ཁོངས་གཏོགས་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། སློབ་གསོའི་ཆེད་དོན་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཉིས་ཁྲི་བཞི་ལག་བསྟར་བྱས་ལ། སློབ་གྲྭ་དང་བྱིས་གཉོར་ཁང་སོ་གསུམ་ལ་སློབ་ཁྲིད་སྒྲིག་ཆས་དང་སློབ་ཁྲིད་ཡོ་བྱད་ཉོ་སྒྲུབ་བྱས་པ་དང་། སློབ་གསོ་ཁྱབ་ཁོངས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན། མཚོ་བྱང་ཁུལ་གྱིས་རོང་འབྲོག་ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་བདུན་ཅུའི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བཟོ་སྐྲུན་ལག་བསྟར་བྱས་པ་དང་། དམིགས་བསལ་དཀའ་ཁག་ཅན་གྱི་མང་ཚོགས་ཁྱིམ་ཚང་སོ་གསུམ་གྱི་སྡོད་ཁང་གནད་དོན་ཐག་བཅད། མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་རྐང་བཙུགས་ནས། མཚོ་བྱང་ཁུལ་གྱི་གཞུང་གཉེར་སྨན་ཁང་དགུ་ཡིས་དྲ་ཐོག་ནས་ཐོ་འགོད་དང་སྨན་རིན་རྩིས་རྒྱག་པ་མངོན་འགྱུར་བྱས། རྒྱལ་ཡོངས་ཀྱི་གནས་གཏན་སྨན་བཅོས་ལས་ཁུངས་ཁྲི་བདུན་ལྷག་གིས་ཞིང་ཆེན་བརྒལ་བའི་ཡུལ་གཞན་སྨན་བཅོས་བྱེད་ཐུབ་པར་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་གནས་ངེས་གཏན་སྨན་བཅོས་ལས་ཁུངས་སྟོང་གཉིས་དང་བརྒྱད་བརྒྱ་གྱ་གཉིས་ཀྱིས་ཐད་ཀར་རྩིས་རྒྱག་པའི་ལས་སྒོ་སྤེལ་ནས། ཡུལ་གཞན་ནས་སྨན་བཅོས་རྩིས་རྒྱག་ཚད་བརྒྱ་ཆའི་གོ་གསུམ་ལ་སླེབས།

མཚོ་བྱང་ཁུལ་གྱིས་འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་གི་ནུས་མེད་རྒན་པའི་ཁྱིམ་ཚང་བརྒྱ་དང་དོན་གཉིས་ཀྱི་རྒན་འཚམ་བསྒྱུར་བཀོད་དང་མི་ཐེངས་བཞི་བརྒྱ་དང་ཞེ་གཅིག་གི་ཁྱིམ་བསྐྱོད་ཞབས་ཞུ་ལག་བསྟར་བྱས་པ་དང་། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་ཁྱིམ་ཚང་བརྒྱ་ཡི་རྒན་འཚམ་ཅན་དུ་སྒྱུར་བཀོད་ལས་གཞི་ཡོངས་འགྲུབ་བྱས་ལ། རྒན་གསོ་སྒྲིག་ཆས་བཟའ་བཏུང་རོགས་སྐྱོར་བྱེད་ས་བཅུ་གསུམ་གྱི་འཛུགས་སྐྲུན་ཡོངས་འགྲུབ་བྱས། མཚོ་བྱང་ཁུལ་གྱིས་རིན་མ་བླངས་པར་ལོ་རེ་ལྔའི་ཡན་གྱི་རྒན་པ་བརྒྱད་བརྒྱ་དང་གོ་བརྒྱད་ལ་བདེ་ཐང་བརྟག་བཤེར་བྱས་པ་དང་། རོང་འབྲོག་ཁུལ་གྱི་བུད་མེད་སྟོང་གཉིས་དང་བརྒྱད་བརྒྱ་ཞེ་བཞི་ལ་འབྲས་སྐྲན་གཉིས་ཀྱི་ཚགས་དཔྱད་བྱས་ལ། དབང་བོ་སྐྱོན་ཅན་ལྔ་བརྒྱ་དང་རེ་ལྔར་འོས་འཚམ་གྱི་རམ་འདེགས་ཡོ་བྱད་འདོན་སྤྲོད་བྱས་པ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་ཉེར་གསུམ་གཅིག་བསྡུས་ཀྱིས་བཅོལ་གསོ་བྱས།

མཚོ་བྱང་ཁུལ་གྱིས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བདུན་འབུམ་གསུམ་ཁྲི་གསུམ་བྱིན་ནས། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས།  རྨང་གཞི་སྒྲིག་ཆས་རིགས་ཀྱི་ལས་གཞི་ལག་བསྟར་བྱས། ས་གནས་ཉེར་བདུན་གྱི་གཅིག་བསྡུས་རིགས་ཀྱི་ཆུ་འདོན་བཟོ་སྐྲུན་ཞིག་གསོ་བྱས་ནས། ཁྱིམ་ཚང་སྟོང་ལྔ་དང་བཅུ་བདུན་དང་མི་ཁྲི་གཉིས་དང་སྟོང་གཉིས་སུམ་ཅུའི་བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས། མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་ལས་གཞི་དགུ་མཇུག་བསྡུ་བཞིན་པའི་སྒང་ཡིན་པ་དང་། གྲོང་གསེབ་དར་སྤེལ་ཚོད་ལྟ་སྡེ་བ་བཅུ་དྲུག་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱས་ལ། གྲོང་གསེབ་ཀྱི་ཆུ་འདོན་དྲ་སྦུག་དང་མི་བགྲོད་ཟམ་པ་སོགས་བཟོ་སྐྲུན་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པའི་སྒང་རེད།

མཚོ་བྱང་ཁུལ་གྱིས་ཆུ་གཏོང་ས་ཁུལ་དྲུག་གི་ཆུ་བེད་རྐང་འཛིན་སྒྲིག་ཆས་ལ་ཞིག་གསོ་བྱས་པ་དང་། ཞིང་ས་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་དང་ལྔ་བརྒྱ་དོན་གསུམ་ལྷག་གི་ཆུ་གཏོང་རྒྱ་ཁྱོན་ལེགས་སྒྱུར་བྱས། མཚོ་བྱང་ཁུལ་གྱིས་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལྷག་ལ་སླེབས་པ་དང་། ལུད་རྫས་དང་རྫས་འགྱུར་ཞིང་སྨན་བཀོལ་སྤྱོད་བྱེད་ཚད་བརྒྱ་ཆའི་སུམ་ཅུ་དང་ཉི་ཤུས་ཇེ་ཉུང་དུ་སོང་།

མཚོ་བྱང་ཁུལ་གྱིས་རླངས་འཁོར་འཇོག་ས་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སྒྲིག་ཆས་ལེགས་སྒྱུར་བྱས་པ་དང་། ཞིང་སྡེའི་གཞུང་ལམ་གསོ་སྐྱོང་བྱེད་ཚད་དང་ཡུལ་ཚོ་དང་གྲོང་རྡལ་དང་ཆ་རྐྱེན་ལྡན་པའི་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་གཏོང་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号