དབྱི་སི་རལ་བྱང་རྒྱུད་དུ་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ཕོག་ནས་མེ་སྐྱོན་ཐེངས་མང་བྱུང་བ།

དབྱི་སི་རལ་དམག་གིས་མུ་མཐུད་དུ་ཀ་ཧྲ་ས་ཁུལ་གྱི་ཀ་ཧྲ་གྲོང་ཁྱེར་ཤར་རྒྱུད་ཀྱི་ཧྲུའུ་ཅ་ཡ་སྡེ་ཁུལ་ལ་མཁའ་ཐོག་འཇབ་རྒོལ་དང་མེ་སྒྱོགས་ཤུགས་ཆེན་འཕངས་ནས། བུད་མེད་དང་བྱིས་པ་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་བྱུང་ཡོད། དབྱི་སི་རལ་རྒྱལ་སྲུང་དམག་གི་མངའ་འོག་དཔུང་སྡེ་ཚེས་27ཉིན་གྱི་ཐོ་རེངས་སུ་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ཅེ་ཉིང་དུ་འབར་རྫས་ཀྱི་འཇབ་རྒོལ་ཕོག་ཡོད་པ་དང་། དེའི་རྐྱེན་ལས་དབྱི་སི་རལ་དམག་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་16ལ་རྨས་སྐྱོན་བྱུང་བ། དེའི་ཁྲོད་མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད། ཕ་ལེ་སི་ཐན་དབྱི་སི་ལམ་བརྟན་སྲུང་སྒྲིག་འཛུགས་ཅེ་ཧ་ཏེས་དེ་རྗེས་ད་ཐེངས་ཀྱི་འཇབ་རྒོལ་ལ་འགན་འཁུར་རྒྱུ་ཡིན་ཞེས་བཤད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号