ཡོ་རོབ་མནའ་འབྲེལ་གྱིས་བཀག་སྡོམ་བྱ་རྒྱུ་རེད། 

ས་གནས་དེ་གའི་དུས་ཚོད་ཚེས28ཉིན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དང་། ཕ་ལེ་སི་ཐན་དབྱི་སི་ལན་ཆོས་སྤེལ་དམག་འཁྲུག་རྩ་འཛུགས(ཅེ་ཧ་ཏེ)ལ་རོགས་སྐྱོར་བྱེད་མཁན6དང་དངོས་ཚན3ལ་བཀག་སྡོམ་བྱ་རྒྱུའི་ཐག་བཅད་པ་རེད།

མི་སྒེར་གྱི་མིང་ཐོའི་ནང་ཅེ་ཧ་ཏེའི་དཔོན་རིགས་དང་། ཧ་མ་སིའི་ཕྱི་རྒྱལ་གྱི་དངུལ་འཇོག་བྱེད་སྒོའི་འགན་འཁུར་བ། དབྱི་རན་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་ཁོངས་གཏོགས་ཀྱི“ཧྲེང་ཁྲེང་ལུའུ”ཡི་མཐོ་རིམ་དཔོན་རིགས་སོགས་ཚུད་ཡོད། བཀག་སྡོམ་མིང་ཐོའི་ནང་བཅུག་མཁན་གྱི་ཡོ་རོབ་མནའ་འབྲེལ་མངའ་ཁོངས་ཀྱི་རྒྱུ་ནོར་བསྡམས་བཅད་བྱ་རྒྱུ་མ་ཟད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་མངའ་ཁོངས་ཀྱི་མ་དངུལ་དང་ཡང་ན་དཔལ་འབྱོར་ཐོན་ཁུངས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱིས་དང་ལེན་བྱ་རྒྱུ་གཏན་འགོག་བྱ་རྒྱུ་རེད། གཞན་ཡང་། མིང་ཐོའི་ནང་གི་མི་སྣ་དག་ད་དུང་ཡོ་རོབ་མནའ་འབྲེལ་ས་ཁུལ་དུ་ཡུལ་སྐོར་དུ་བསྐྱོད་རྒྱུ་གཏན་འགོག་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号