ཆུ་ཚོད48ནང་ཚུན་དུ་ཀ་ཧྲ་སྨན་ཁང་གི་ལས་མཚམས་འཇོག་རྒྱུ་ཡིན་པ།

ས་གནས་དེ་གའི་དུས་ཚོད་ཟླ6ཚེས30ཉིན། ཀ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ཐོ་ཨང་བརྒྱུད་གསལ་བསྒྲགས་སྤེལ་ནས། སྡེ་ཁག་དེས་བྱ་ཐབས་ནན་པོ་བཟུང་སྟེ་འབར་རྒྱུ་ལྷག་མ་གསོག་ཉར་བྱེད་གང་ཐུབ་བྱས་མོད། འོན་ཀྱང་གློག་འདོན་འཕྲུལ་ཆས་འཁོར་སྐྱོད་རྒྱུན་འཁྱོངས་བྱེད་པར་མཁོ་བའི་འབར་རྒྱུ་ཟད་ལ་ཉེ་བས་ཀ་ཧྲ་ས་ཁུལ་གྱི་སྨན་ཁང་དང་། སྨན་བཅོས་ལྟེ་གནས། དབྱང་རླུང་ས་ཚིགས་བཅས་ཀྱི་ལས་ཀ་ཆུ་ཚོད48ནང་མཚམས་འཇོག་བྱ་རྒྱུ་རེད་ཅེས་བརྗོད་ཡོད།

     གསལ་བསྒྲགས་ནང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་མི་ཆོས་རིང་ལུགས་ཀྱི་སྒྲིག་གཞི་ཚང་མ་མགྱོགས་མྱུར་ཞུགས་ནས། ས་གནས་དེར་འབར་རྒྱུ་མཁོ་འདོན་དང་གློག་འདོན་འཕྲུལ་ཆས་འཁོར་སྐྱོད་སྲུང་སྐྱོང་བྱེད་པར་མཁོ་བའི་ལྷུ་ལག་གང་མགྱོགས་མཁོ་འདོན་བྱ་རྒྱུའི་རེ་འབོད་བྱས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号