རྒྱལ་ཁབ་འདིས་ཨ་རི་དང་གླེང་མོལ་སླར་གསོ་བྱ་རྒྱུ་རེད། 

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས1ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་བརྙན་འཕྲིན་ལེ་ཚན་ཐོག ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་གཟའ་འཁོར་འདིའི་ནང་ཨ་རིའི་སྲིད་གཞུང་བར་དང་སྐད་ཆ་ཤོད་རེས་སླར་གསོ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

མཱ་ཏུའུ་ལུའོ་ཡིས། འདས་ཟིན་པའི་གཟའ་འཁོར་གཉིས་ནང་ཨ་རི་ཕྱོགས་ཀྱིས་ཐད་ཀར་སླར་ཡང་སྐད་ཆ་ཤོད་རེས་བྱ་རྒྱུའི་གྲོས་འགོ་རྒྱུན་ཆད་མེད་པར་འབྱོར་ཞིང་། ཁོང་རང་ཉིད་ཀྱིས་འབྲེལ་ཡོད་གྲོས་འགོ་དང་ལེན་བྱས་པ་མ་ཟད། ཟླ7པའི་ཚེས་3ཉིན་ཨ་རི་ཕྱོགས་དང་སྐད་ཆ་ཤོད་རེས་སླར་གསོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་ཝེ་ནེ་ཙུའེ་ལ་དང་ཨ་རི་ཕྱོགས་གཉིས་པོ་སླར་ཡང་སྐད་ཆ་ཤོད་རེས་བྱེད་འགོ་འཛུགས་རྒྱུ་ནི་ཛ་དྲག་གི་བྱ་བ་ཞིག་རེད་ཅེས་ཀྱང་བཤད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号