ཐེ་རོན་ཕུ་ཡི་བློ་འདྲི་བ་ཟུར་པ་བཙོན་འཇུག་བྱ་རྒྱུ་རེད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས1ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའི་མཐོ་རིམ་འཐབ་ཇུས་བློ་འདྲི་བ་ཟུར་པ་ཧྲི་ཏི་ཧྥུའུ་·པན་ནུང་ཁང་ཉེ་ཏི་ཀེ་མངའ་སྡེ་ཡི་རྒྱལ་ཕྲན་མཉམ་འབྲེལ་བཙོན་ཁང་ཞིག་ཏུ་འབྱོར་ནས། རྒྱལ་ཚོགས་ལ་མཐོང་ཆུང་བྱས་པའི་ཉེས་གསོག་ཐད་ཟླ4རིང་བཙོན་འཇུག་བྱ་རྒྱུ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་པན་ནུང་གིས་བཙོན་ཁང་ཕྱི་རོལ་དུ་གཏམ་བཤད་སྤེལ་ནས། “ད་ལྟ་ངས་བཙོན་ཁང་དུ་འབྱོར་ཐོ་འགོད་པའི་དུས་ལ་སླེབས་ཡོད་”ཅེས་བཤད། དེའི་རྗེས་སུ་ཁོ་པ་རླངས་འཁོར་ནག་པོར་བསྡད་དེ་རྒྱལ་ཕྲན་མཉམ་འབྲེལ་བཙོན་ཁང་དུ་བསྐྱོད་པ་རེད།

དེའི་གོང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་2022ལོའི་ཟླ10པའི་ཚེས21ཉིན། པན་ནུང་གིས་རྒྱལ་ཚོགས་ལ་མཐོང་ཆུང་བྱས་པའི་གྱོད་གཞིའི་ཉེས་ཆད་ཀྱི་དཔྱད་མཚམས་མཇུག་བསྒྲིལ་ཡོད་པ་རེད། “རྒྱལ་ཚོགས་ལ་མཐོང་ཆུང་བྱེད་པའི་”ཉེས་དོན་གྱི་སྐྱོན་འདོན་ཞུ་གཏུག་ཁག་གཉིས་བྱུང་བའི་དབང་གིས་པན་ནུང་ལ་ཟླ4ཡི་བཙོན་འཇུག་དང་ཨ་སྒོར6500ཡི་དངུལ་ཆད་བཅད་པ་རེད།

2024ལོའི་ཟླ5པའི་ཚེས10ཉིན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གོང་གཏུག་ཁྲིམས་ཁང་གིས་པན་ནུང་གིས་“རྒྱལ་ཚོགས་ལ་མཐོང་ཆུང་བྱེད་པའི་”ནག་ཉེས་སྐོར་གྱི་གོང་གཏུག་ཕྱིར་སློག་བྱས་པ་མ་ཟད། ཐོག་མའི་ཁྲིམས་ཐག་གི་ཉེས་ཆད་སོར་འཇོག་བྱས་པ་རེད། པན་ནུང་གིས་རྒྱལ་ཚོགས་ལ་མཐོང་ཆུང་བྱས་པའི་ནག་ཉེས་དེ་ཟླ7པའི་ཚེས1ཉིན་ནས་བཟུང་བཙོན་ཁང་དུ་ཁྲིམས་ཆད་འཁུར་དགོས་ཚུལ་ཨ་རིའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཟླ6པའི་ཚེས6ཉིན་ཁྲུན་ཐག་བཅད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号