ཐའེ་ཝན་གྱི་ན་གཞོན་ཚོ“ཐའེ་ཝན་རང་བཙན”བྱེད་འདོད་མེད། 

ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

སྨྱན་སྦྱོར་ཞིག་ཏུ་དྲི་བ་སྟོན་གསལ། སྐམ་ས་ཆེན་པོས་ཉེ་ཆར་བཏོན་པའི་《ཐའེ་ཝན་རང་བཙན་གྱི་ངན་རེངས་པས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་གྱི་ཉེས་གསོག་ལ་ཁྲིམས་མཐུན་ལྟར་ཁྲིམས་ཆད་གཅོད་རྒྱུའི་སྐོར་གྱི་བསམ་འཆར་》ལ་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་“ངོགས་གཉིས་ཕན་ཚུན་ཁོངས་གཏོགས་མིན་”ཞེས་རང་དགར་བརྗོད་པ་དང་། སྐམ་ས་ཆེན་པོས་ཐའེ་ཝན་ལ་“ཁྲིམས་འཛིན་བདག་སྐྱོང་གི་དབང་ཆ་”མེད་པ་མ་ཟད། “དམངས་ཚོགས90%ཡན་ལ་གནོད་འཚེ་ཕོག་སྲིད་”ཅེས་འཇིགས་སྐུལ་བྱས་ནས། སྐམ་ས་ཆེན་མོ་དང་ཞང་ཀང་དང་ཨའོ་མོན་ས་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་པར་རྐང་བཙུགས་ནས་ཉེན་བརྡ་“ལི་མདོག་” བཏང་བ་རེད། གླིང་ཕྲན་ནང་ཁུལ་གྱི་གླེང་ཕྱོགས་ཀྱིས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱི་བྱེད་སྟངས་དེས་ངོགས་གཉིས་བར་བསམ་ངན་འཆང་ཚུལ་ཇེ་ཆེར་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདིའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭ་ཡིས། དེ་རིང་གི་དྲི་བའི་ལན་དུ། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱི་བྱེད་སྟངས་དེ་དག་ནི་དོན་དངོས་སྣང་མེད་དུ་འཇོག་པ་དང་། དཀར་ནག་གོ་ལྡོག་གི་བྱེད་སྟངས་ཤིག་ཡིན་པ་དང་། སྐམ་ས་ཆེ་མོར་བསམ་ངན་བཅངས་ནས་དམའ་འབེབས་གཏོང་བ་ཞིག་ཡིན་པ། ཐའེ་ཝན་དམངས་ཚོགས་ལ་མགོ་སྐོར་དང་འཇིགས་སྐུལ་ཚད་མེད་བྱེད་པ་ཞིག་རེད་ཅེས་བཤད།

 “ཐའེ་ཝན་རང་བཙན་”གྱི་ངན་རེངས་པས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་གྱི་བྱས་ཉེས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དེ་ལུགས་མཐུན་དང་ཁྲིམས་མཐུན་ཡིན། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས། རྒྱལ་ཁབ་ཀྱིས་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་མིང་དང་བྱེད་ཐབས་གང་རུང་གི་ཐོག་ནས་ཐའེ་ཝན་ཀྲུང་གོ་ནས་ཁ་ཕྲལ་དུ་གཏན་ནས་གཏོང་དུ་མི་འཇུག “ཐའེ་ཝན་རང་བཙན་”གྱི་ཁ་བྲལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོར་བཅད་ན་གཞི་ནས་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ངོ་མ་དང་སྤུན་ཟླ་ཐའེ་ཝན་པའི་ཁེ་ཕན་དང་བདེ་སྐྱིད་འགན་སྲུང་ཏན་ཏིག་བྱེད་ཐུབ། སྐེ་ཁྱེར་ནས་ཞགས་པ་ཉོ་བའི་ཁྲིམས་ལུགས་ཚོད་ལྟའི་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་ཡིན་ཕྱིན། རང་ཉིད་གང་དུ་གནས་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ཁུངས་ཀྱིས་བདའ་འདེད་མཐར་ཕྱིན་བྱས་ཏེ་ཁྲིམས་ལྟར་ཆད་པ་ནན་པོར་གཅོད་རྒྱུ་ཡིན།

སྐམ་ས་ཆེན་པོའི་ཕྱོགས་ཀྱིས་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པར་ཁྲིམས་ལྟར་ཆད་པ་གཅོད་པའི་ཁྲིམས་འཛིན་ཡིག་ཆ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པ་ནི་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པར་དམིགས་པ་མིན། དམངས་གཙོ་ཡར་སྐུལ་ཏང་གི་སྲིད་མགྲོན་གྱིས་རྐང་བཙུགས་ནས་རྒྱ་ཆེའི་ཐའེ་ཝན་དམངས་ཚོགས་དང་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་གཉིས་ཉ་ཉུང་མཉམ་ཏུ་གསེས་ཏེ་གོ་སྐབས་དང་བསྟུན་ནས། དམངས་ཚོགས་ལ་འཇིགས་སྐུལ་དང་དམངས་འདོད་བཙན་ཁྲིད་བྱས་ཏེ་ཐའེ་ཝན་གྱི་དམངས་ཚོགས་ཚོ་“ཐའེ་ཝན་རང་བཙན་”གྱི་རྒྱབ་སྙེས་སུ་བྱེད་པའི་བསམ་ངན་འཆང་བ་ཅི་ཡིན། དོན་དངོས་ཀྱི་ཐོག་ནས་ཐའེ་ཝན་གྱི་དམངས་ཚོགས་སྔར་ལས་མང་བ་དང་། ལྷག་པར་དུ་ཐའེ་ཝན་གྱི་གཞོན་ནུ་རྣམས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་མགོ་སྐོར་དང་བཙན་ཤེད་མི་ཕོག་པ་དང་། “ཐའེ་ཝན་རང་བཙན་”བྱེད་འདོད་མེད་པར་བྱེད་ཐབས་སྣ་ཚོགས་སྤྱད་དེ་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་དང་འབྲེལ་བ་གཅོད་འདོད་ཡོད་ཚུལ་ར་སྤྲོད་བྱུང་ཡོད། ཁོང་ཚོས་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱི་ངོགས་གཉིས་པོའི་སྤེལ་རེས་ལ་ཚོད་འཛིན་དང་བཀག་འགོག་མེད་པར་བཟོས་ནས། བློ་བདེའི་ངང་ངོགས་གཉིས་བར་འགྲོ་འོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ང་ཚོས་སླར་ཡང་ནན་བཤད་བྱ་རྒྱུར། “ཐའེ་ཝན་རང་བཙན་”གྱི་ངན་རེངས་པས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་གྱི་བྱས་ཉེས་བསགས་པར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར་དང་མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པའི་དོན་སྙིང་འཚམ་པོ་ཞིག་ཡིན་ལ། ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་ཀྱང་ཡིན། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པས་མི་རིགས་ཀྱི་དྲང་བདེན་བརྟན་སྲུང་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་“ཐའེ་ཝན་རང་བཙན་”གྱི་གནོད་འཚེ་དང་མགོ་སྐོར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། “ཐའེ་ཝན་རང་བཙན་”ཁ་བྲལ་དུ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ང་ཚོས་སྔར་བཞིན་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པ་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ནང་ཞུགས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་དང་། རྒྱབ་སྐྱོར་བྱ་རྒྱུ། སྐམ་ས་ཆེན་པོར་ཆ་རྒྱུས་ཟབ་མོར་ལེན་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་རླབས་ཆེན་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号