ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འབྲེལ་ཡོད་དོགས་ཡོད་ཉེས་ཅན་བཅུ་གཅིག་འཛིན་བཟུང་བྱས།

ཐུར་ཁེའི་རྒྱང་སྒྲོག་བརྙན་འཕྲིན་ཁང་སྤྱི་ཁྱབ་ཁང་གིས་ཚེས2ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ནུབ་ཕྱོགས་ཀྱི་དབྱེ་ཙི་མུས་ཨར་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་བཅུ་གཅིག་འཛིན་བཟུང་བྱས་ཟེར།

བསྒྲགས་པ་ལྟར་ན། དོགས་ཡོད་ཉེས་ཅན་དེ་དག་གིས་དབྱེ་ཙི་མུས་ཨར་ཞིང་ཆེན་གྱི་མཱེ་ནེ་མིན་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་བྱ་བ་གཉེར་བཞིན་ཡོད་པར་སྐྱོན་འཛུགས་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་སྡོད་གནས་ལ་སྔོག་བཤེར་བྱས་ཏེ་མཚོན་ཆ་དང་དཔེ་ཆ། གློག་རྡུལ་རྒྱུ་ཆ་མང་བོ་གཞུང་བཞེས་བྱས་ཡོད། མིག་སྔར་དབྱེ་ཙི་མུས་ཨར་ཞིང་ཆེན་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ་གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཀྱང་ཉིན་དེར་དྲ་ཐོག་ཏུ་སྤྱི་སྒྲོག་སྤེལ་ཏེ། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་སོ་སོར་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མི་སྣ་བཅུ་དང་སི་རི་ཡཱའི་ཁུའུ་ཨར་ཏིའི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གི་མི་སྣ་གསུམ་བསད་ཡོད་ཟེར་ཡང་། སྤྱི་སྒྲོག་ལས་འགུལ་སྐྱོད་སྤེལ་བའི་བྱེ་བྲག་གི་དུས་ཚོད་གསལ་བཤད་བྱས་མེད།

2013ལོར། ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེ་ཐལ་སྤྱོད་རྩ་འཛུགས་སུ་ཁྱབ་བསྒྲགས་བྱས་པ་དང་། དེའི་སྔོན་རྩ་འཛུགས་དེས་ཐུར་ཁེ་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་མང་བོ་བཟོས་ནས། མི་བཅུ་ཕྲག་འགའ་ལ་ཤི་རྨས་བཟོས་ཡོད། ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་མང་བོ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号