ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གཞོན་པའི་ལས་འགན་བླངས།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གཞོན་པ་དབྱེ་ཝན་ནོའུ་ཧྥུའུ་ཡི་ཡིད་ཆེས་ཉམས་པའི་དབང་གིས་ལས་འགན་བླངས་པ་རེད།

ཁྲིམས་བསྟར་སྡེ་ཁག་གིས་བསྒྲགས་པ་ལྟར་ན། དབྱེ་ཝན་ནོའུ་ཧྥུའུ་ཡིས2018ལོ་ནས2023ལོའི་བར་ལས་འགན་གྱི་བབ་དང་བསྟུན་ནས་ལྐོག་བརྔན་བླངས་པ་དང་། ཉུང་མཐར་ཡང་སྤྱིའི་རིན་ཐང་དབྱི་སི་རལ་གྱི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་ལྔ་ལྷག་ལ་བསླེབས་ཡོད། དབྱེ་ཝན་ནོའུ་ཧྥུའུ་ཡི་དག་འབུད་ཁྲིམས་རྩོད་པས་སྨྱན་བྱད་ལ་ཁ་གྲངས་དེ་བདེན་དཔང་བྱས་ཡོད། གསང་བའི་གྲོས་མཐུན་བཀོད་ཡོད་པའི་དབང་གིས་དཔྱད་བརྗོད་སྤེལ་བར་ཁས་ལེན་མ་བྱས།

ད་ལོའི་ཟླ་བཞི་བར། ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱེ་ཝན་ནོའུ་ཧྥུའུ་ཡིས་ལྐོགབརྔན་ཟོས་པའི་དབང་གིས་བཀག་འཇུག་བྱས་ཡོད་ཟེར།

དབྱེ་ཝན་ནོའུ་ཧྥུའུ2016ལོའི་ཟླ5བར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་གཞོན་པར་བསྐོ་འཇོག་བྱས་པ་དང་། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་ནོར་སྲིད་དོ་དམ་དང་། བཅའ་སྡོད་དམག་དཔུང་། སྡོད་ཁང་། སྨན་བཅོས་རོགས་སྐྱོར་སོགས་ཀྱི་བྱ་བའི་འགན་ཁུར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号