སིང་ག་ལཱའི་ཙུང་ཐུང་གིས་གྲོས་ཁང་གཏོར་བ་ཁྱབ་བསྒྲགས་བྱས།

སིང་ག་ལཱའི་ཙུང་ཐུང་ཏིས་སཱ་ནཱ་ཡཱ་ཁི་ཡིས་ཚེས24ཉིན་གྱི་དགོང་མོར་དམིགས་བསལ་སྤྱི་སྒྲོག་བཀོད་དེ། གྲོས་ཁང་གཏོར་བ་ཁྱབ་བསྒྲགས་བྱས་པ་དང་། ཟླ11པའི་ཚེས14ཉིན་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད།

སྤྱི་སྒྲོག་ལས་བཤད་རྒྱུར། སིང་ག་ལཱའི་གྲོས་ཁང་དེ་ཚེས24ཉིན་གྱི་ནམ་གུང་ནས་གཏོར་བ་དང་། སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ11པའི་ཚེས14ཉིན་སྤེལ་རྒྱུ་ཡིན་ལ། སིང་ག་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ10པའི་ཚེས4ཉིན་ནས་ཚེས11ཉིན་བར་འདེམ་སྒུག་མི་སྣའི་མིང་འདོན་ཡིག་ཆ་དང་ལེན་བྱེད་རྒྱུ་ཡིན་པ་དང་། སྐབས་གསར་བའི་གྲོས་ཁང་གིས་ཟླ11པའི་ཚེས21ཉིན་གྲོས་ཚོགས་ཐོག་མ་བསྡུ་རྒྱུ་རེད།

སིང་ག་ལཱའི་གྲོས་ཁང་དེ་གྲོས་མི225ཡིས་གྲུབ་པ་དང་། ཐེངས་འདིར་གཏོར་བའི་གྲོས་ཁང་དེ2020ལོའི་ཟླ8པར་བདམས་ཐོན་བྱུང་བ་རེད།

ཏིས་སཱ་ནཱ་ཡཱ་ཁི་ལ་ཟླ་འདིའི་ཚེས21ཉིན་བསྡུས་པའི་སིང་ག་ལཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད། གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་གིས་ཚེས23ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号