སི་རི་ཡཱའི་ཙུང་ཐུང་གིས་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་ཆོག་མཆན་བཀོད།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས23ཉིན་བཀའ་རྒྱའི་སྟེང་མིང་བཀོད་དེ། ཙུང་ལི་ཅཱ་ལཱ་ལེ་ཡིས་རྩ་འཛུགས་བྱས་པའི་ནེ་ཀིའི་ཁོངས་མི་གསར་བའི་མིང་ཐོར་ཆོག་མཆན་བཀོད་པ་དང་། གཞན་ཡང་མཱེ་ཁི་ཏཱ་ཏི་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས།

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཉིན་དེར་བསྒྲགས་པ་ལྟར་ན། སྐབས་གསར་བའི་ནེ་ཀི་དེ་ཙུང་ལི་ཅཱ་ལཱ་ལེ་དང་པུའུ་ཀྲང27གྱིས་གྲུབ་ཡོད། མི་སྣའི་སྙོམས་སྒྲིག་དེ་ཕྱི་འབྲེལ་པུའུ་དང་ནོར་སྲིད་པུའུ། བཟོ་ལས་པུའུ། གློག་ཤུགས་པུའུ་སོགས་པུའུ་ཀྲང15ལ་འབྲེལ་ཡོད། དེའི་སྔོན་པུའུ་ཀྲང་གཞོན་པའི་འགན་ཁུར་བའི་སཱ་པཱ་ཀི་ཕྱི་འབྲེལ་པུའུ་ཀྲང་དུ་འཕར་ཡོད།

པཱ་ཧྲ་ཨར་གྱིས་ཉིན་དེར་བཀའ་རྒྱ་གཞན་ཞིག་བཀོད་དེ། དེའི་སྔོན་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་བའི་མཱེ་ཁི་ཏཱ་ཏི་ཡིས་ཙུང་ཐུང་གཞོན་པར་བསྐོ་འཇོག་བྱས་པ་དང་། ཁོས་ཙུང་ཐུང་གིས་མཛུབ་སྟོན་བྱས་པའི་སྒྲོམ་གཞིའི་ནང་ཕྱི་འབྲེལ་དང་སྨྱན་བྱད་ཀྱི་ལས་དོན་ལ་འགན་ཁུར་བའི་དབང་ཆ་བསྩལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号