【ང་ཚོའི་དུས་ཆེན། རྒྱལ་སྟོན་དུས་ཆེན།】རྒྱལ་སྟོན་དུས་ཆེན་གྱི་བྱུང་བ།

རྒྱལ་ཁབ་རང་ཉིད་ལ་དྲན་གསོ་ཞུ་བའི་ཁྲིམས་བཀོད་ཀྱི་གུང་གསེང་སྟེ། དེ་ནི་རྒྱལ་ཁབ་དེའི་རྩ་ཁྲིམས་ཀྱི་མིང་བཀོད་དང་གཙོ་འཛིན་སྐུ་འཁྲུངས་པའམ་གཞན་པའི་དྲན་གསོའི་དོན་སྙིང་ལྷག་པར་ཆེ་བའི་ལོ་འཁོར་གཅིག་གི་དྲན་གསོའི་ཉིན་མོ་ཞིག་ལ་བྱའོ།།

ཀྲུང་གོའི་གནའ་རབས་སུ་གོང་མ་གསེར་ཁྲིར་མངའ་གསོལ་བ་དང་གོང་མའི་འཁྲུངས་སྐར་ལ་རྒྱལ་སྟོན་ཞེས་བྱ་ཞིང་། ད་ལྟ་ཀྲུང་གོའི་རྒྱལ་སྟོན་དུས་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་སྟེ། ཟླ10པའི་ཚེས1ཉིན་ལ་གོ་བར་བྱེད་དོ།།

འཛམ་གླིང་དུ་ལོ་རྒྱུས་ཆེས་རིང་བའི་རྒྱལ་སྟོན་དུས་ཆེན་ནི་ཧྲེང་མ་ལི་ནོ་ཡི་རྒྱལ་སྟོན་དུས་ཆེན་ཡིན་ཏེ། སྤྱི་ལོ301ལོར། ཧྲེང་མ་ལི་ནོ་ཡིས་ཟླ9པའི་ཚེས3གྱི་ཉིན་མོ་དེ་རང་གི་རྒྱལ་སྟོན་དུས་ཆེན་དུ་བཞག་གོ།

སྤྱི་ལོ1949ལོའི་ཟླ10པའི་ཚེས2ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་སྐོར་གྱི་གྲོས་ཆོད།》ལ་གྲོས་འཆམ་བྱུང་ཞིང་། ལོ་རེའི་ཟླ10པའི་ཚེས1ཉིན་ནི་རྒྱལ་སྟོན་དུས་ཆེན་དུ་གཏན་འབེབས་བྱས་པར་མ་ཟད། ཉིན་མོ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ཡིན་པར་ཁྱབ་བསྒྲགས་བྱས། དེ་ནས་བཟུང་སྟེ། ལོ་རེའི་ཟླ10པའི་ཚེས1ཉིན་ནི་ཀྲུང་གོའི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་དུ་དགའ་སྟོན་གཟབ་རྒྱས་བྱེད་པའི་དུས་ཆེན་ཞིག་ཏུ་གྱུར་ཏོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号