ཛ་དྲག་གི་དྲན་སྐུལ་བྱས་འདུག 

ཟླ9པའི་ཚེས28ཉིན། ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཡིག་ཆ་བཀྲམ་ནས་ཀྲུང་གོའི་སྤྱི་དམངས་ལེ་པ་ནོན་དུ་གནས་སྐབས་སྐྱོད་མི་ཆོག་པའི་དྲན་སྐུལ་བྱས་པ་རེད། གཞུང་ཚབ་ཁང་གིས་ཉེ་ཆར་ལེ་པ་ནོན་དང་དབྱི་སི་རལ་བར་མཐའ་མཚམས་ཀྱི་གདོང་ཐུག་མུ་མཐུད་ཆེ་རུ་ཕྱིན་པ་དང་། ལེ་པ་ནོན་གྱི་ས་ཆ་མང་པོར་མཁའ་ཐོག་འཇབ་རྒོལ་གྱི་དོན་རྐྱེན་ཐོན་ནས་མི་སྣ་མང་པོ་ཞིག་ཤི་རྨས་བྱུང་ཡོད་ཅེས་བཤད་པ་རེད།

ཉེ་ལམ། ལེ་པ་ནོན་གྱི་བདེ་འཇགས་གནས་ཚུལ་ཛ་དྲག་པོ་ཡོད། ཕྱི་འབྲེལ་པུའུ་དང་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཀྲུང་གོའི་སྤྱི་དམངས་ལ་ས་གནས་དེ་གའི་གནས་བབ་འཕེལ་རྒྱས་འགྲོ་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། ཉེ་དུས་ལེ་པ་ནོན་དུ་གནས་སྐབས་སྐྱོད་མི་ཆོག་ལ། ས་གནས་དེ་རུ་ཡོད་པའི་མི་སྣ་དང་སྒྲིག་གཞི་དག་བལྟོས་བཅས་ཐོག་ནས་བདེ་འཇགས་ཆེ་བའི་ས་ཁོངས་སུ་གང་མགྱོགས་ཕྱིར་འཐེན་བྱེད་པའམ་ཡང་ན་གནས་སྤོ་དགོས་པའི་དྲན་སྐུལ་བྱས་པ་རེད། ཛ་དྲག་གི་གནས་ཚུལ་འཕྲད་ཚེ། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་མ་ཟད་ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་དང་འབྲེལ་བ་བྱས་ནས་གཞོགས་འདེགས་ཡོང་ཐབས་བྱེད་དགོས་ཞེས་བཤད་པ་རེད།

ལེ་པ་ནོན་གྱི་ཉེན་བརྡ་གཏོང་བའི་ཁ་པར། 112

ལེ་པ་ནོན་གྱི་མྱུར་སྐྱོབ་ཁ་པར། 140

ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་དོན་གཅོད་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར།(ཆུ་ཚོད་24ཉིན།)+86-10-12308ཡང་ན་+86-10-65612308

ལེ་པ་ནོན་དུ་བཅའ་སྡོད་གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར་ཨང་གྲངས། +961-3-866468

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号