སེ་དབྱེ་ཏི་ལ་ཐུ་ནི་ཞི་ཡཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ།

ཐུ་ནི་ཞི་ཡཱ་ཡིས་ཚེས6ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རྒྱལ་གཡོངས་ཀྱི་ཞིང་ཆེན24ཡི་འདེམ་ཤོག་འཕེན་ས་དེ་སྔ་དྲོའི་དུས་ཚོད་བརྒྱད་ནས་བཟུང་སྒོ་འབྱེད་བྱས་པ་དང་། ཙུང་ཐུང་གི་འདེམ་སྒུག་པར་ད་ལྟའི་ཙུང་ཐུང་སེ་དབྱེ་ཏི་སོགས་མི་གསུམ་ཡོད།

འདེམ་ཤོག་འཕེན་ས་དེ་ཕྱི་དྲོའི་དུས་ཚོད་དྲུག་སྟེང་སྒོ་བརྒྱབ། ཐུ་ནི་ཞི་ཡཱའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་གསུམ་ནི་སོ་སོར་སེ་དབྱེ་ཏི་དང་། ཐུ་ནི་ཞི་ཡཱའི་མི་དམངས་འགུལ་སྐྱོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་མཱ་ཀི་ཀྲ་ཝེ། ཨ་ཆི་མིན་ལས་འགུལ་གྱི་མགོ་ཁྲིད་པ་ཀྲ་མེད་ལེ་བཅས་རེད། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཆེས་འགོར་ཡང་ཚེས9ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཐུ་ནི་ཞི་ཡཱའི་ས་གནས་ཀྱི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་ཀྱི་གཞི་གྲངས་ལྟར་ན། ད་ལྟའི་ཙུང་ཐུང་སེ་དབྱེ་ཏི་ལ་ཉིན་དེར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ་ཡོད་པ་རེད། ཐུ་ནི་ཞི་ཡཱའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཐེངས་འདིའི་འདེམ་བསྐོའི་ཐོ་འགོད་བྱས་པའི་འདེམ་དམངས་མི་ས་ཡ་དགུ་དང་འབུམ་བདུན་ཁྲི་ལྔ་ལྷག་ཡོད་པ་དང་། ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚོད་དཔག་བྱས་ན་ཚེས་བདུན་ཉིན་གྱི་དགོང་མོར་ཐོག་མའི་འདེམ་ཤོག་རྩིས་ལེན་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་རེད།

ཐུ་ནི་ཞི་ཡཱའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་གྲངས་ལས་བརྒལ་བའི་འདེམ་སྒུག་མི་སྣ་དེ་ཐད་ཀར་དུ་ཙུང་ཐུང་ལ་བདམས་ཆོག་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号