མཱ་ཁི་ལུང་གིས་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་ལ་བབས་ཡོད་པར་ཡིད་ཆེས་བྱེད་པའི་ཚུལ་བསྟན།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས6ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་དུས་ལ་བབས་ཡོད་པར་ཡིད་ཆེས་བྱས་ཡོད་ཟེར།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས6ཉིན་གྱི་དགོང་མོར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁ་པར་གྲོས་མོལ་བྱེད་སྐབས་ལྷག་བསམ་རྣམ་དག་དང་ཕན་ཚུན་བརྩི་འཇོག་བྱེད་པའི་མཛའ་མཐུན་གྱི་ཐབས་ལ་བརྟེན་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་ཞིབ་མོ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསམ་འཆར་མི་མཐུན་པ་ཡོད་པ་ཁས་ལེན་བྱས་པ་དང་། ཕན་ཚུན་ལ་རྒྱུས་ལོན་བྱེད་དགོས་པའི་རེ་བ་བཏོན།

མཱ་ཁི་ལུང་གིས་བསྟན་དོན། ཁོས་དབུས་ཤར་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་ལ་བབས་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་སི་རལ་ལ་མཚོན་ཆ་འདོན་སྤྲོད་བྱེད་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཡུན་ཚད་ཇེ་རིང་དུ་བཏང་ནས་འཐབ་འཁྲུག་དེ་ལེ་པཱ་ནུན་དུ་མཆེད་དུ་བཅུག་པ་གང་ཡིན་ཡང་། དབྱི་སི་རལ་གྱི་མི་དང་ས་ཁུལ་དེའི་མང་ཚོགས་ཚང་མས་རེ་སྒུག་བྱེད་པའི་བདེ་འཇགས་བསྐྲུན་ཐབས་མེད་ཟེར། མཱ་ཁི་ལུང་གིས་ནན་གྱིས་བསྟན་དོན། ངེས་པར་དུ་འབད་བརྩོན་བྱས་ཏེ་དབྱི་སི་རལ་དང་དབུས་ཤར་ས་ཁུལ་གྱི་བདེ་འཇགས་ལ་མཁོ་བའི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་གཏན་འབེབས་བྱེད་དགོས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་པཱ་ལོ་ཡིས་ཚེས7ཉིན་དབྱི་སི་རལ་གྱི་དཔོན་རིགས་དང་གྲོས་མོལ་བྱེད་རྒྱུ་མ་ཟད། མ་འོངས་པའི་ཉིན་འགའི་ནང་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་མཱ་ཁི་ལུང་ལ་ཡར་ཞུ་བྱེད་རྒྱུ་རེད་ཟེར།

མཱ་ཁི་ལུང་གིས་ཚེས5ཉིན་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། དོན་དེའི་ཐད་ནས་ནེ་ཐཱ་ནི་ཡཱ་ཧུའུ་ཡི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་དབྱི་སི་རལ་དུ་མཚོན་ཆ་སྐྱེལ་འདྲེན་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན་པའི་ནུབ་ཕྱོགས་རྒྱལ་ཁབ་གང་ཡིན་ཡང་ངོ་ཚ་ཤེས་དགོས་ཟེར། ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས5ཉིན་གྱི་དགོང་མོར་ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཐལ་དྲགས་པའི་གཏམ་བཤད་ལ་འཕང་སེམས་སྐྱེས་པའི་ཚུལ་བསྟན་ཡང་། ཧྥ་རན་སི་ཡིས་སྔར་བཞིན་དུ་དབྱི་སི་རལ་ནི་བློ་བརྟན་འགྱུར་མེད་ཀྱི་གྲོགས་པོ་ཡིན་པ་ནན་བཤད་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号