ལིས་ཆང་དང་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་མཉམ་དུ་མཱ་ལེ་ཞི་ཡའི་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་ཀྱི་ཨི་མའེ་རླངས་འཁོར་འབབ་ཚུགས་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ལིས་ཆང་དང་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་མཱ་ལེ་ཞི་ཡའི་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་ཀྱི་ཨི་མའེ་རླངས་འཁོར་འབབ་ཚུགས་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་སོ་སོར་ཤིས་ཚིག་ཕུལ།

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གཉིས་མཉམ་དུ་མཱ་ལེ་ཞི་ཡའི་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་ཀྱི་ཨི་མའེ་རླངས་འཁོར་འབབ་ཚུགས་ལས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་སོ་སོར་ཤིས་ཚིག་ཕུལ།

ལིས་ཆང་གིས་ཐོག་མར་དཀའ་སྤྱད་འབད་བརྩོན་བྱས་པའི་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་པར་འཚམས་འདྲི་གནང་། ལིས་ཆང་གིས་བསྟན་དོན། མཱ་ལེ་ཞི་ཡའི་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་ནི་ཀྲུང་གོ་དང་མཱ་ལེ་ཞི་ཡས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་སྐྲུན་བྱེད་པའི“རྒྱུད་གཅིག་ལམ་གཅིག”གི་བཀོད་འདོམས་རྣམ་གྲངས་ཤིག་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་རྣམ་གྲངས་དེ་སྤུས་ལེགས་དང་ལས་ཕྱོད་ཆེ་བ། བདེ་འཇགས་དང་བློ་གཏད་ཆོག་པའི་བཟོ་སྐྲུན་སྤུས་ལེགས་སུ་བསྐྲུན་ནས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་དཔེ་སྟོན་ལམ་དུ་བསྐྲུན་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་རྣམ་གྲངས་དེ་འགྲིམ་འགྲུལ་མ་ལམ་ཙམ་མ་ཡིན་པར་འཕེལ་རྒྱས་ལ་སྐུལ་འདེད་དང་། ལས་ཞུགས་གཏོད་པ། དམངས་འཚོ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་དེ་མང་ཚོགས་ལ་ཕན་པ་ཐོབ་པའི་ཕྱུག་འགྱུར་དང་བདེ་སྐྱིད་ཀྱི་ལམ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་མཉམ་དུ་ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་དེ་ཀྲུང་གོ་དང་ལའོ་ཝུའོ་དང་། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་དང་འབྲེལ་མཐུད་བྱ་རྒྱུར་ཧུར་ཐག་སྒོས་ཞིབ་འཇུག་བྱེད་པ་དང་། རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་གི་བགྲོད་ལམ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་སྔར་ལས་ལེགས་པ་བཏང་སྟེ་ས་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་ཆུ་ཚད་མཐོ་རུ་གཏོང་བ་དང་། ཨེ་ཤེ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་ཆེད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས།

ཨན་ཝ་ཨར་གྱིས་བསྟན་དོན། ཤར་ཕྱོགས་མཚོ་འགྲམ་གྱི་ལྕགས་ལམ་རྣམ་གྲངས་དེ་མཱ་ལེ་ཞི་ཡའི་ཤར་ནུབ་མཚོ་འགྲམ་དང་འབྲེལ་མཐུད་བྱས་པ་དེས་མཱ་ལེ་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་ཁེ་ལས་དང་མཱ་ལེ་ཞི་ཡའི་ས་གནས་ཁེ་ལས་ཀྱིས་མཉམ་ལས་བྱས་ནས་རྣམ་གྲངས་གལ་ཆེན་དེར་སྐུལ་འདེད་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཱ་ལེ་ཞི་ཡཱ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས“ཀྲུང་གོའི་མྱུར་ཚད”དང་སྔོན་ཐོན་ཚན་རྩལ་ལ་བརྟེན་ནས་ཤར་ཕྱོགས་མཚོ་འགྲམ་གྱི་ལྕགས་ལམ་རྣམ་གྲངས་དེ་སྔ་མོ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་མཱ་ལེ་ཞི་ཡཱ་དང་ས་ཁུལ་དེའི་རྒྱལ་ཁབ་དག་གི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་མཉམ་དུ་དབྱུག་འདེགས་བྱས་ནས་ཨི་མའེ་མེ་འཁོར་འབབ་ཚུགས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号