ཧོང་མའོ་ཧའེ་ཡི་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་གྱི་ལམ་ཐིག་ཧྲིལ་པོ་མཐུད་ཟིན་པ།

ཟླ6ཚེས19ཉིན་གྱི་ཆུ་ཚོད12ཙམ་ལ་ཟམ་གདུང་མཐའ་མ་དེ་ཚ་ལ་བརྒྱབ་ཟིན་པ་དང་ཆབས་ཅིག་ཧོང་མའོ་ཧའེ་ཡི་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་རྣམ་གྲངས་ཀྱི་ཧོང་མའོ་ཧའེ་ཟམ་ཆེན་བདེ་བླག་ངང་མཐུད་དེ་ཧོང་མའོ་ཧའེ་ཡི་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོ་མཐུད་ཟིན་པ་མཚོན་ཡོད། ཧོང་མའོ་ཧའེ་ཟམ་ཆེན་སྦྲེལ་མཐུད་ཐུབ་རྗེས་ལམ་ངོས་ཀྱི་ཨར་སྐྲུན་དང་ཟམ་ངོས་འདིང་འགོ་ཚུགས་ཏེ་སྔོན་དཔག་ལྟར་ན2024ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། དེ་བསྐྲུན་རྗེས་ཧོང་མའོ་ཧའེ་ཡི་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་རྣམ་གྲངས་ཀང་ཀྲུའུ་ཨའོ་ཟམ་ཆེན་དང་། ཧྲེན་ཀྲུང་བགྲོད་ལམ། ནན་ཧྲ་ཟམ་ཆེན། ཧུའུ་མོན་ཟམ་ཆེན་སོགས་དང་མཉམ་དུ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྒྱ་མཚོ་དང་གཙང་པོ་སྒྲོལ་བའི་བགྲོད་ལམ་ཚོགས་གྲུབ་རྒྱུ་རེད། འདི་ནི་ཟམ་གདུང་མཐའ་མར་ཚ་ལ་བརྒྱབ་ནས་འདེགས་སྒྲིག་བྱས་ཟིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号