ལི་ཆང2024ལོའི་དབྱར་དུས་ཀྱི་ཏ་ཝོ་སིའི་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ།

ཟླ6པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏཱ་ལེན་དུ2024ལོའི་དབྱར་དུས་ཀྱི་ཏཱ་ཝོ་སིའི་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚེས25ཉིན་གྱི་ཕྱི་དྲོར་ཏཱ་ལེན་དུ2024ལོའི་དབྱར་དུས་ཀྱི་ཏཱ་ཝོ་སིའི་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལི་ཆང་གིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འགག་སྒོ་གལ་ཆེན་ལ་འཕྲད་ཡོད་པས། ང་ཚོས་འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་འཕར་སྣོན་གྱི་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ། མཐོང་རྒྱ་སྔར་ལས་ཆེ་བ་དང་། བློ་ཁོག་སྔར་ལས་ཡངས་པས་འཕེལ་རྒྱས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་དགོས་པ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་མཉམ་དུ་ཁེ་ཕན་ཆེ་རུ་གཏོང་བའི་ཁྲོད་རང་ཉིད་ཀྱི་ལུགས་མཐུན་ཁེ་ཕན་འཚོལ་བ་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་འབྱུང་ཁུངས་གསར་པ་གཏོད་དགོས།

ལི་ཆང་གིས་བསྟན་དོན། ལོ་འདི་འགའི་རིང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད། ཀྲུང་གོའི་ཐོན་ལས་གསར་པ་མགྱོགས་མྱུར་ངང་དར་བ་དེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་བརྗེ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་། རང་ངོས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་། ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ། མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྣ་མང་ཅན་གྱི་ཉེར་སྤྱོད་རྣམ་པ་སོགས་དམིགས་བསལ་གྱི་དགེ་མཚན་ལ་རྩ་བ་ཚུགས་ཡོད་པས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ལ། རྒྱལ་ཁབ་ཁག་གི་ཁེ་ལས་ལ་མཉམ་ལས་ཀྱི་བར་སྟོང་སྔར་ལས་ཆེན་པོ་བསྐྲུན་ཡོད།

ལི་ཆང་གིས་ནན་གྱིས་བསྟན་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་གཏོད་དགོས། གཅིག་ནས་ཚན་རྩལ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་གསར་གཏོད་བྱེད་པར་སྒོ་འབྱེད་དང་། དྲང་གཞག མཐོང་ཆུང་མི་བྱེད་པའི་ཁོར་ཡུག་བསྐྲུན་དགོས། གཉིས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏང་ནས་ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གསུམ་ནས་སྒོ་འབྱེད་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་དང་། ཁ་གཏད་དུ་ལངས་པའི་སྣང་ཚུལ་འདོར་བ། “འབྲེལ་ཐག་གཅོད་པར”ངོ་རྒོལ་བཅས་བྱས་ཏེ་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་ལྷིང་ཤར་གཏོང་ཡོང་བར་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོ་ཅན་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས། བཞི་ནས་ཁོང་ཡངས་དང་ཀུན་ཕན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དང་བཅོས་སྐྱོང་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་གསར་གཏོད་གྲུབ་འབྲས་ཀྱིས་རྒྱལ་ཁབ་དང་མི་དམངས་སྔར་ལས་མང་པོར་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས།

ཤིས་ཚིག་ཕུལ་རྗེས་ལི་ཆང་གིས་ཀྲུང་གོའི་དཔལ་འབྱོར་དང་གསར་དར་ཐོན་ལས་སོགས་ཀྱི་ཐད་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡི་དྲི་བར་ལན་བཏབ་པ་དང་། རྩ་བ་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི“སྡེབ་སྒྲིག་ནུས་པ”ཡག་པོ་འདོན་པ་ནན་བཤད་གནང་།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་དང་ཡའོ་ནན་གྱི་ཙུང་ལི་ཧྥན་མིན་ཀྲིན་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། རྒྱལ་ཁབ་དང་ས་ཁུལ100ལྷག་ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི1700ལྷག་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号