བོད་ལྗོངས་ཀྱི་རྒྱལ་ཁོངས་སྒྲོལ་བའི་མཛོད་ཁང་ཐོག་མ་དེ་ནེ་པ་ལར་བཙུཊ།

ཀྲུང་གོའི(ལྷ་ས)རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ“9810”ལས་སྒོ་དེ་ཚེས་27ཉིན་དངོས་སུ་འགོ་ཚུགས་ཤིང་། དེས་བོད་ལྗོངས་ཀྱི་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱི་རྒྱལ་གྱི་མཛོད་ཁང་ཐོག་མ་དེ་ལས་གཉེར་བྱེད་འགོ་ཚུགས་པ་མཚོན་ཡོད། 

ཉིན་དེར། རིན་ཐང་ལ་ཨ་སྒོར་ཁྲི་8ཟིན་པའི་གྱོན་ཆས་དང་། ཚོང་ཟོག་སྣ་མང་། ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་ཁག་གཅིག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་ནེ་པ་ལའི་ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་ཕྱི་རྒྱལ་མཛོད་དུ་གཏོང་འགོ་ཚུགས་པ་དང་། ཀྲུང་གོས་ནེ་པ་ལའི་འགག་སྒོའི་ཐོ་འགོད་སྙན་སེང་བརྒྱུད་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱི་རྒྱལ་གྱི་མཛོད་ཁང་ཐོག་མ་དེ་ལས་གཉེར་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “9810”ཞེས་པ་ནི་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱིས་ཕྱི་རྒྱལ་གྱི་མཛོད་ཁང་དུ་ཕྱིར་གཏོང་བྱེད་པ་དེ་རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱིས་ཕྱི་རྒྱལ་གྱི་མཛོད་ཁང་དུ་ཕྱིར་གཏོང་བྱེད་པའི་དངོས་ཟོག་ཐད་སྤྱོད་རྒྱུར་འཚམ་པོ་ཡོད།

རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་B2Bའགག་སྒོའི་སྙན་ཞུ་བྱེད་སྟངས་གསར་པ་ཡིན་པའི་ངོས་ནས། “9810”ཁེ་ལས་ཀྱི་ཕྱི་རྒྱལ་མཛོད་ཁང་ལ་བརྟེན་ནས་རྒྱལ་མཚམས་ལས་སྒྲོལ་བའི་ཟོག་འགྲེམས་བརྒྱུད་དངོས་ཟོག་ཕྱི་རྒྱལ་མཛོད་ཁང་དུ་ཕྱིར་གཏོང་བྱེད་པ་དང་། རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱུད་ཉོ་ཚོང་བྱས་རྗེས་ཕྱི་རྒྱལ་མཛོད་ཁང་ནས་ཕྱི་རྒྱལ་གྱི་ཉོ་མཁན་ལ་སྐྱེལ་སྤྲོད་བྱེད་པ་མ་ཟད། འགག་སྒོ་ལས་ཁུངས་ལ་འབྲེལ་ཡོད་གློག་རྡུལ་གྲངས་གཞི་བརྒྱུད་གཏོང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར།  སླད་ཕྱིན་ཆད“9810”ལས་སྒོས་ལྷ་སས་ས་གནས་དེ་གའི་ཚོང་ཟོག་བསྡུ་རུབ་ཕྱིར་གཏོང་དང་ལས་ཚབ་སྒོ་ཁྲལ་སྙན་ཞུ་སོགས་ཕྱི་ཕྱོགས་ཉོ་ཚོང་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོ་རུ་གང་ལེགས་གཏོང་རྒྱུ་དང་། ཕྱི་རྒྱལ་གྱི་མཛོད་ཁང་མདུན་གྲལ་དུ་འཛིན་པའི་ཚོང་དོན་བསྡུ་རུབ་སྐྱེལ་འདྲེན་མ་ལག་གཏོད་དེ་ལྷ་ས་ནས་ནེ་པ་ལའི་བར་ཉོ་ཚོང་མཁོ་སྤྲོད་སྦྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། 

ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་གིས། “9810”ལས་སྒོའི་བརྒྱུད་རིམ་གྱི་ལྷུ་ཚིགས་ཤར་གཏོང་ཐུབ་ཆེད། འདི་ལོའི་ཟླ་3པར། ལྷ་ས་གྲོང་ཁྱེར་གྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ། ནེ་པ་ལར་བརྟག་ཞིབ་དང་ཕྱི་རྒྱལ་གྱི་མཛོད་ཁང་འཛུགས་སྐྲུན་བྱ་ཡུལ་འདེམས་པར་བསྐྱོད་ཡོད། ཟླ་བ་གསུམ་གྱི་དུས་ཚོད་སྤྱད་ནས་སྨི་ངོས་སྙོམས་གྲུ་བཞི་1700ཡོད་པའི་ཚད་ལྡན་མཛོད་ཁང་བསྐྲུན་ཐོག་འགག་སྒོའི་ཐོ་འགོད་སྙན་སེང་ཡང་ལེགས་གྲུབ་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号