གྲངས་ཉུང་མི་རིཊ་དར་སྤེལ་ཐད་སྒོར་དུང་ཕྱུར74སྤྲད་འདུག 

གསར་འགོད་པས་ཚེས29ཉིན་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཉེ་ཆར2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་དར་སྤེལ་མ་དངུལ་སྒོར་དུང་ཕྱུར74ཚང་མ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར།)28དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འབྲེལ་ཡོད་རྫོང་(གྲོང་ཁྱེར། ཆུའུ། ཆི)ལ་སྤྲད་ཟིན་པ་རེད།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་ཐུན་མོང་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་དར་སྤེལ་མ་དངུལ་གྱིས་མི་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་མི་རིགས་ཀྱི་རིག་གནས་ཡུལ་སྐོར་སོགས་དམངས་ཕྱུག་འབབ་འཕར་གྱི་ཁྱད་ལྡན་ཐོན་ལས་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་རྒྱུ་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ལག་བསྟར་ཏན་ཏིག་བྱས་ཡོད། མ་དངུལ་བེད་སྤྱོད་དང་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། “མཉམ་འདྲེས”ཀྱི་ནང་དོན་དང་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། མི་རིགས་ཁག་བར་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号