ཟི་ལིང་ནས་ཨ་ལ་མུའུ་ཐུའུ་ཨེ་ཤ་ཡ་དབུས་མའི་མེ་འཁོར་ཐོག་མ་གཏོང་མགོ་བརྩམས།

ཟླ6པའི་ཚེས30ཉིན། ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་ཟི་ལིང་སྒོ་ཁྲལ་ལས་ཁུངས་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་སྡེ་ཁག་གི་རྒྱབ་སྐྱོར་འོག ཟི་ལིང་ནས་ཨའ་ལ་མུའུ་ཐུའུ་ཨེ་ཤ་ཡ་དབུས་མའི་མེ་འཁོར་ཐོག་མ་གཏོང་མགོ་བརྩམས། 

མེ་འཁོར་གཏོང་ཐེངས་འདིའི་དངོས་ཟོག་གཙོ་བོ་ཁྱིམ་ཆས་དང་ཅུས་ལུས་དབྱི་ཞི་དང་། མེ་འཁོར་དེ་ཟི་ལིང་ཧྲོང་ཀྲའེ་ལྕགས་ལམ་ས་ཚིགས་ནས་མགོ་བརྩམས་ཏེ། ཧའོ་འར་ཀའོ་སི་འགྲམ་རྒྱུད་ནས་བརྒྱུད་དེ། ཧ་སག་སི་ཐན་ཨ་ལ་མུའུ་ཐུའུ་རུ་སྐྱེལ་བ་ཡིན་ཞིང་། དེས་ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་གྱིས་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་མ་ལག་རྒྱ་བསྐྱེད་དང་། དངོས་ཟོག་སྐྱེལ་འདྲེན་ཐད་གོམ་སྟབས་གསར་བ་ཞིག་སྤོས་པ་མཚོན་པ་དང་། མཚོ་བོད་ལྕགས་ལམ་མཐོ་སྒང་ཁྱད་ལྡན་དགེ་མཚན་གྱི་ཞིང་ཕྱུགས་ཐོན་རྫས་དང་། སྐྱེ་དངོས་སྨན་རྫས་ཐོན་རྫས། དག་གཙང་ནུས་ཁུངས་རྒྱུ་ཆ་གསར་བ་སོགས“མཚོ་སྔོན་ཡིག་འབྲུ་ལྡན་པའི”ཐོན་རྫས་དེ་ཨེ་ཤ་ཡ་དབུས་མའི་ཚོང་རར་བསྐྱོད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་མཁོ་འདོན་བྱེད་པར་ཕན་པ་རེད། 

ཤེས་གསལ་བྱུང་བ་ལྟར་ན། ད་ལོའི་ཟླ5པའི་ཚེས7ཉིན། ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་དང་ནན་ཅིན་ས་གནས་ལྕགས་ལམ་ཚད་ཡོད་ཀུང་སིས《ནན་ཅིན་དང་ཟི་ལིང་མཐུན་འགྲིག་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་དངོས་ཟོག་མཉམ་ལས་གྲོས་གཞི》མིང་རྟགས་བཀོད། གྲོས་གཞིའི་མིང་རྟགས་བཀོད་པའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་ལས་གཞི་དོན་འཁྱོལ་དམ་ཟབ་བྱེད་པ་དང་། རྣམ་པ་མང་པོའི་མཉམ་འབྲེལ་སྐྱེལ་འདྲེན་མགོ་རྩོམ་སར་བྱས་ཏེ། མཚོ་ཐོག་ལྕགས་ལམ་མཉམ་སྐྱེལ་དང་། རྒྱལ་སྤྱིའི་མེ་འཁོར། ནང་ཁུལ་དངོས་ཟོག་མེ་འཁོར་དམ་འཛིན་བྱས་ནས། མཉམ་འདྲེས་དངོས་ཟོག་ཐོན་ཁུངས་དང་། སྐམ་སའི་དངོས་ཟོག་ཡོང་ཁུངས་དགེ་མཚན་གྱིས། ནང་ལོགས་སྐམ་སའི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ཐད་འགྲོ་གྲོན་དམའ་རུ་གཏོང་བ། ཕན་ནུས་མཐོ་བའི་དངོས་ཟོག་ཕྱོགས་བསྡུས་ཞབས་ཞུ་མཁོ་འདོན་བྱས། ནན་ཅིན་ས་གནས་ལྕགས་ལམ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་མི་སྣའི་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་གྱི་ཨེ་ཤ་ཡ་དབུས་མའི་མེ་འཁོར་གཏོང་མགོ་བརྩམས་པ་དེས། ས་གནས་གཉིས་ཀྱི་དངོས་ཟོག་ཡོང་ཁུངས་གཅིག་འདུས་ལ་སྐུལ་འདེད་དང་། དངོས་ཟོག་ཐོན་རྫས་ཀྱི་རིགས་སྣ་འཛོམས་པོར་བྱས་ནས། ནན་ཅིན་ནས་ཟི་ལིང་བར་གྱི་མེ་འཁོར་གཏོང་ཐེངས་དམ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཚུལ་བསྟན། 

ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཞུས་ཀའོ་ཧྥིན་གྱིས་མཚམས་སྦྱོར་བྱས་དོན། ཟི་ལིང་ནས་ཨ་ལ་མུའུ་ཐུའུ་བར་གྱི་མེ་འཁོར་ཤར་གཏོང་བྱས་རྗེས། ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོབ་སྒོ་ཁྲལ་གྱིས་སྒོ་ཁྲལ་དང་ཚོང་དོན། མཚོ་བོད་ལྕགས་ལམ་ཀུང་སི་སོགས་སྡེ་ཁག་གི་རྒྱབ་སྐྱོར་མཐུན་འགྲིག་འོག སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཕྱིའི་ཐོན་རྫས་ཀྱི་དངོས་ཟོག་ཡོང་ཁུངས་རྩ་འཛུགས་དང་། སྒྲིག་འཇུག རླངས་འཁོར་གཏོང་བ། ལས་སྒྲུབ་ཁྲལ་སྒྲུབ་སོགས་ཀྱི་འགན་སྲུང་ནུས་ཤུགས་མཐོར་འདེགས་སུ་བཏང་ནས། ཁེ་ལས་ཀྱི་དངོས་ཟོག་འཁོར་རྒྱུག་འགྲོ་གྲོན་ཇེ་དམའ་རུ་གཏོང་བར་རོགས་རམ་བྱེད་པ་དང་། ས་གནས་ཕྱིའི་དངོས་ཟོག་དང་ལས་སྣོན། དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཀྱིས་སྒོ་ཁ་ནས་ཞབས་ཞུའི་སྟབས་བདེ་མྱོང་རོལ་བྱ་རྒྱུ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号