ཞིང་ལས་ཐད་ཀྱི་ཁ་གསབ་འདི་རེ་ཞུ་བྱས་ཆོག

ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས《ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་དང་གསར་བརྗེས་ཀྱི་ཁ་གསབ་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་ཡག་པོ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་སྟེ། ཞིང་ལས་ཐོན་སྐྱེད་བྱེད་མཁན་གྱི་ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་(ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ནང་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས། ཞིང་ལས་ཁེ་ལས་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་གཞན་དག་ཚུད་པ།)བེད་མེད་ཟུར་འཇོག་བྱ་རྒྱུའི་རེ་ཞུ་བྱས་པའི་ཞིང་ལས་འཕྲུལ་ཆས་རྙིང་པར་ཁ་གསབ་འོས་འཚམ་སྤྲོད་རྒྱུ་རེད།

ཁ་གསབ་ཀྱི་ཚད་གཞི། 

ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་དང་གསར་བརྗེས་བྱེད་པའི་ཁ་གསབ་ནི་བེད་མེད་ཟུར་འཇོག་གི་ཁ་གསབ་ཁག་ཅིག་དང་གསར་བརྗེས་ཀྱི་ཁ་གསབ་ཁག་ཅིག་སྟེ་ཁག་གཉིས་ལས་གྲུབ་ཡོད། བེད་མེད་ཟུར་འཇོག་གི་ཁ་གསབ་ཁག་ཅིག་ལ་བཅད་གྲངས་ཁ་གསབ་ལག་བསྟར་བྱ་རྒྱུ་དང་། ཁ་གསབ་ཀྱི་དངུལ་གྲངས་ནི་ཞིང་ཆེན་རིམ་པའི་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གིས་ནོར་སྲིད་སྡེ་ཁག་དང་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་རྒྱུ་རེད། ཁ་གསབ་ཀྱི་ཚད་གཞི་ཞིབ་ཕྲ་གཤམ་གྱི་རེའུ་མིག་ཏུ་གསལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号