རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

རྒྱལ་ཁབ་དང་སྲིད་ཏང་གི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་མང་བོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོས་སྤྱིར་བཏང་མིན་པའི་སྔར་མེད་ཀྱི་གྲུབ་འབྲས་བླངས་ཏེ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་མིག་དཔེ་བསྟན་པར་མ་ཟད་སྒུལ་ཤུགས་ཁ་སྣོན་བྱས་ཡོད། སེར་ཝེ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་དུས་རབས་གསར་བའི་སེར་ཝེ་ཡཱ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཟེར།

ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡུག་ཁི་ཡིས་བསྟན་དོན། ཀྲུང་གོ་རྒྱལ་སྤྱིའི་གར་སྟེགས་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ཧང་ག་རི་མུ་མཐུད་དུ་ཀྲུང་གོའི་གྲོགས་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་བསྟན་དོན། ཀྲུང་གོས་རླབས་ཆེན་གྲུབ་འབྲས་བླངས་ཡོད། འཇར་མན་དང་ཀྲུང་གོས་དངོས་གཉེར་མཉམ་ལས་ཟབ་མོ་སྤེལ་བ་དེ་སྔོན་ཆད་ལ་གལ་འགངས་ཆེ་བ་དང་། འཇར་མན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་སྲིད་པར་ཡིད་ཆེས་ཡོད་ཟེར།

དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐཱ་ལོས་ལཱ་ཡིས་བསྟན་དོན། དབྱི་ཐཱ་ལེ་དང་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཛ་དྲག་ཞི་འཇགས་སུ་གཏོང་བ་དང་འཁྲུག་རྩོད་མེད་པར་གཏོང་བའི་ཐད་འཐབ་ཇུས་བློ་གྲོས་ཕུལ་ཡོད། དབྱི་ཐཱ་ལེ་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་བསྟན་དོན། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་ཡིད་ཆེས་ཀྱི་རྨང་གཞི་སྲ་བརྟན་ཡིན། ཕུའུ་ཐའོ་ཡཱ་ཕྱོགས་ཀྱིས་མུ་མཐུད་དུ་ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་མང་བོའི་རོགས་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

སི་ལོ་ཝ་ཁིའི་ཙུང་ཐུང་ཕའེ་ལེ་ཀི་ལི་ནེ་ཡིས་སི་ལོ་ཝ་ཁི་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་དང་མཉམ་ལས་གྲུབ་འབྲས་བཟང་བོར་ཚད་མཐོའི་བསྟོད་བསྔགས་བྱས་པ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ཕྱོགས་མང་རོགས་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།

རོ་མཱ་ནི་ཡཱའི་ཙུང་ཐུང་ཡའོ་ཧན་ནེ་སི་ཡིས་བསྟན་དོན། ལོ་ངོ75རིང་ལ། རོ་མཱ་ནི་ཡཱ་དང་ཀྲུང་གོས་བསྟུད་མར་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་བཏང་བ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་། རོ་མཱ་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཀྲུང་གོའི་མི་དམངས་ཀྱིས་ལོ་ངོ75རིང་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་གུས་འདུད་ཞུས་པ་དང་། ད་ལྟའི་ཀྲུང་གོ་ནི་དཔལ་འབྱོར་ལག་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་ཡིན་པར་མ་ཟད། འཛམ་གླིང་གར་སྟེགས་སྟེང་གི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་ཟེར།

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་ཡིས་བསྟན་དོན། སུའེ་ཙེར་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་སོང་བ་དང་། ཕྱོགས་གཉིས་ཀྱིས་མ་འོངས་པར་རིམ་པ་མང་བོ་ནས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཆོག་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་དང་འཕྲིན་ཡིག་བསྐུར་མཁན་ལ་ད་རུང་། འཇར་པན་གྱི་གནམ་བསྐོས་གོང་མ་ཏི་རིན་དང་། ཧན་གོའི་ཙུང་ཐུང་དབྱིན་ཞེ་ཡའོ། འབྲུག་རྒྱལ་ཁབ་ཀྱི་རྒྱལ་བོ་སྐུ་ཕྲེང་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན། དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན། པུའུ་ལུང་ཏིས་ཀྱི་ཙུང་ཐུང་ཨིན་ཏཱ་དབྱེ་ཧྲི་མུས་ཡེ། ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ། ནཱ་སྨི་པུ་ཡཱའི་ཙུང་ཐུང་མུའུ་པིན་པཱ། ཀྲ་ཏིའི་ཙུང་ཐུང་མུའུ་ཧན་མའོ་ཏི། ལའེ་སོ་ཐའོ་ཡི་རྒྱལ་བོ་ལའེ་ཆི་ཡེ་སྐུ་ཕྲེང་གསུམ་པ། མཱ་ལིའི་ཙུང་ཐུང་ཀི་དབྱེ་ཐཱ། ཀཱ་ཕིན་གྱི་ཙུང་ཐུང་ཨིན་ཀོས་མཱ། སོ་མཱ་ལིའི་ཙུང་ཐུང་མཱ་ཧཱ་མའོ་ཏི། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ། ནེ་ཀྲིར་རྒྱལ་ཁབ་ཀྱི་མགོ་གཙོ། མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཆི་ཡཱ་ནེ། ཨིར་ལན་གྱི་ཙུང་ཐུང་ཞེ་ཅིན་སི། སི་ཕན་གྱི་རྒྱལ་བོ་ཧྥེ་ལེ་ཕའེ་སྐུ་ཕྲེང་དྲུག་པ། པུ་ལི་ཧྲིའི་རྒྱལ་བོ་ཧྥེ་ལེ་ཕུའུ། སུའེ་ཏེན་གྱི་རྒྱལ་བོ་ཁཱ་ཨར་སྐུ་ཕྲེང་བཅུ་དྲུག་པ་ཀུའུ་སི་ཐཱ་ཧྥུའུ། མར་ཐཱའི་ཙུང་ཐུང་ཏི་པའོ་ནོའུ། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལི་སི། ཧྲིན་མཱ་ལེ་ནོའུ་ཡི་སྲིད་འཛིན་དཔོན་ལོ་ཞི་དང་ཅཱ་སི་ཕའེ་ལོ་ནེ། སཱ་མའོ་ཡཱའི་རྒྱལ་ཁབ་གཙོ་འཛིན་ཐུའུ་དབྱེ་མཱ་ལའེ་ཨ་ལེ་ཧྥ་ནོའུ་སྐུ་ཕྲེང་གཉིས་པ། ཐང་གའི་རྒྱལ་བོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ། ཕཱ་ནཱ་མཱའི་ཙུང་ཐུང་མུའུ་ལེ་ནོའུ། སུའུ་ལི་ནན་གྱི་ཙུང་ཐུང་ཧྲན་ཏའོ་ཅི། ཨན་ཐིས་ཀྭ་དང་པཱ་པུའུ་ཏཱའི་ཙུང་ཏུའུ་ཝེ་ལེན་སི། པཱ་ཧཱ་མཱའི་ཙུང་ཏུའུ་ཕུའུ་ལཱ་ཐི། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། ཏའོ་སྨི་ནི་ཁཱའི་ཙུང་ལི་སི་ཁའེ་ལི་ཐི། པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ། ཀི་ལིན་ནཱ་ཏཱའི་ཙུང་ལི་མུས་ཆེ་ཨར། ཨུ་རུ་སིའི་གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མཱེ་ཏི་བེ་ཅེ་ཧྥུའུ། ཨུ་རུ་སི་དཀར་པོའི་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་སི་ལན་ཁི་ཧྥུའུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་མེན་སོགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号