མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་ལྔ་བ(འཇུ་ལག---མདོ་ལ)དང་དྲུག་པ(མདོ་ལ---ནུབ་མཚོ་གྲོང་རྡལ)།

“འགྲན་མཚམས་ལྔ་བ”འཇུ་ལག---མདོ་ལ།

སྐེ་ཚེའི་མེ་ཏོག་བཞད་ནས་ས་གཞི་བརྒྱན། རྐང་དྲུག་བུང་བ་བྲེལ་བའི་ལས་ལ་འཇུག ལོ་རེའི་དབྱར་དུས་སླེབས་པའི་ཚེ། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ནི་དྲ་དཔོན་རྣམས་འདུ་སའི་གནས་མཆོག་ཅིག་ཡིན་ཞིང་། མཐོ་སྒང་གི་སྐེ་ཚེའི་མེ་ཏོག་གི་རྒྱ་མཚོ་དེ་གར་གནས་ཡོད།

ཟླ7པའི་ཚེས13ཉིན། ལྕགས་རྟ་རུ་ཁག་འཇུ་ལག་རྫོང་ནས་ཡུན་རིང་འགྲོ་མི་དགོས་པར་མེ་ཏོག་གི་རྒྱ་མཚོའི་མཛེས་ལྗོངས་མིག་ལམ་དུ་བཀྲམ་པའི་གནས་མཆོག་བྱེ་སྣ་སྔོ་ལྡང་ལ་ཐོན་ཞིང་། སྐབས་འདིར་སྐེ་ཚེའི་མེ་ཏོག་གི་འོད་སྟོང་འཕྲོ་བའི་དུས་སུ་སླེབས་ཤིང་། སྤྲིན་གྱི་རྒྱ་མཚོ་ལང་ལོང་དུ་གཡོ་བཞིན། རྒྱང་རིང་གི་རི་བོ་དང་མེ་ཏོག་ལྷན་དུ་དངུལ་གྱི་འོད་མདངས་རྣམ་པར་བཀྲ་བའི་གངས་དཀར་རི་བོ་ཀྲོང་ངེར་འགྱིང་ཡོད། མཛེས་ལྗོངས་དེས་ལྕགས་རྟ་བཞོན་མཁན་རྣམས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་པའི་ཡིད་ཆེས་ཡོད།

འགྲན་མཚམས་འདིར་མཐའ་མའི་གདོང་མཆོང་བྱ་ཡུལ་གཉིས་ཡོད་ལ། གསེར་ལུག་ཉག་ཁའི་ལ་སྟེང་དུ་རིམ་པ་དང་པོའི་གྱེན་འཛེག་ས་ཚིགས་བཙུགས་ནས་མཐར་མདོ་ལ་རྫོང་རིག་གནས་ཐང་ཆེན་དུ་ཐོན་དགོས། འགྲན་བསྡུར་གྱིས་རྣམ་པ་མི་འདྲ་བའི་ཐོག་ནས་མཚོ་སྔོན་གྱི་ས་གནས་ཁག་གི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱེད་པ་མ་ཟད། མང་ཚོགས་ཀྱི་ལུས་རྩལ་དང་རིག་གནས་ཀྱི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་གཏོང་ངེས།

“འགྲན་མཚམས་དྲུག་པ”མདོ་ལ---ནུབ་མཚོ་གྲོང་རྡལ།

ཡུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་ལ། མི་ཆོས་ཀྱི་དཔལ་ཡོན་རྣམ་པར་བཀྲ། སྐྱེ་ཁམས་ཡུལ་སྐོར་དང་། རང་བྱུང་གི་པང་དུ་ལོག་པ། ལོ་རྒྱུས་དང་མཉམ་འདྲེས། རང་བྱུང་དང་ཁ་ཐག་ཉེ་བ་བཅས་ཀྱི་མཐོ་སྒང་གི་དག་ཞིང་སྟེ་མདོ་ལ་ལྷ་ཡི་ཞིང་ཁམས། མདོ་ལ་ནི་མདོ་ལ་རིང་མོའི་དབང་གིས་མིང་དེ་ལྟར་དུ་ཐོགས་པ་ཡིན།  མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་དང་ས་བཅུད་ཕུན་སུམ་ཚོགས་པའི་ཡུལ་གྲུ་འདིས་མདོ་ལར་ཕུན་སུམ་ཚོགས་པའི་ཕྱུགས་ལས་ཀྱི་ཐོན་ཁུངས་བསྩལ་ཞིང་། གནས་འདིར་མཚོ་བོད་མཐོ་སྒང་གི་རབ་ཏུ་མཛེས་པའི་རང་བྱུང་མཛེས་ལྗོངས་མཐའ་དག་གཅིག་ཏུ་བཟླུམས་ཤིང་། གྲ་གྲུ་ཐམས་ཅད་མཛེས་སྡུག་ལྡན་པའི་རང་བྱུང་གི་ལྡེབས་རིས་སུ་གྲུབ་པས། གོམ་པའི་འདེགས་འཇོག་རེའི་བར་ནས་ཀྱང་ཡིད་དབང་ལན་རེར་འཕྲོག་ནུས་པའི་སྒྱུ་འཕྲུལ་གྱི་དྲ་བ་འཁྲིགས།

ཟླ7པའི་ཚེས14ཉིན་ལྕགས་རྟ་རུ་ཁག་མདོ་ལ་རྫོང་མཁར་ནས་མགོ་བརྩམ་སྟེ། འགྲན་མཚམས་དེའི་མཇུག་གནས་རྡུལ་ཕྲན་མཁར་དུ་ཐོན་དགོས་ཤིང་། དམག་དོན་གྱི་གནས་གལ་ཆེན་དེའི་ལྐོག་གྱུར་གྱི་ཡོལ་བ་སྔ་མོ་ནས་ཕྱེ་སྟེ་མཚོ་སྔོན་གྱི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད་མོད། འོན་ཀྱང་ལས་འགན་དང་གཟི་བརྗིད་ནམ་ཡང་དོར་མྱོང་མེད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ལུས་རྩལ་འགྲན་བསྡུར་གྱི་སྙིང་སྟོབས་གནས་འདི་ནས་ཕན་ཚུན་འོད་མདངས་འཕྲོ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号