མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་བཞི་བ་དགོན་ལུང་ནས་འཇུ་ལག་བར་གྱི་འགྲན་བསྡུར་མཇུག་སྒྲིལ་པ།

ཟླ7པའི་ཚེས12ཉིན། 2023ལོའིཀྲུང་གོའི་ལུས་རྩལ་རྒྱན་ཤོགམཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་སྐབས་ཉེར་གཉིས་པའི་འགྲན་མཚམས་བཞི་བ(དགོན་ལུང—འཇུ་ལག)མཇུག་སྒྲིལ་ལ། ཛ་དྲག་གི་འགྲན་བསྡུར་བརྒྱུད། ཧོ་ལན་གྱིABLoC CTརུ་ཁག་གི་འགྲན་ཞུགས་་ཨང97པ་པུའུ་ལའོ་ཁུག·ཧྥན་ཏིན·ཧྥོ་ལན་ཁུག་གིས་འགྲན་མཚམས་འདིའི་བྱ་དགའ་ཨང་དང་པོ་བླངས་ཤིང་། དབྱི་ཐ་ལིའི་ཁུག་ལའོ་ཏི་ཁུག་རུ་ཁག་གི་འགྲན་ཞུགས་པ་ཨང61པ་ཀན་ཏིན་གྱིས་འགྲན་མཚམས་འདིའི་བྱ་དགའ་ཨང་གཉིས་པ་བླངས་ལ། པི་ལི་ཧྲིའི་ཐ་ཐིག་ལེ་ཐའོ-ཨའེ་སའོ་ལེ་སི་རུ་ཁག་གི་འགྲན་ཞུགས་པ་ཨང172པ་ཏུའུ་པང་གིས་འགྲན་མཚམས་འདིའི་བྱ་དགའ་ཨང་གསུམ་པ་བླངས། 

འགྲན་མཚམས་འདིའི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱིས་བྱ་དགའ་ལེན་བཞིན་པ།

ཐེངས་འདིའི་འགྲན་མཚམས་མཇུག་སྒྲིལ་རྗེས། ཁི་ལོམ་པི་ཡའི་མའེ་ཏི་ལིན་རུ་ཁག་གི་འགྲན་ཞུགས་པ་ཨང195པ་ཝོ་ཨར་སི·ཀྲ་ཕ་ཐ་ལ་ཚི་ལེན་སེར་པོའི་བྱ་དགའ་ཐོབ་པ་དང་། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་ཨང81པ་མུའུ་ལུའུ་པུའུ་ལན་ལ་ཚི་ལེན་ལྗང་ཁུའི་བྱ་དགའ་ཐོབ་ལ། དབྱི་ཐ་ལིའི་པ་ཏི་ཡ་ཉི་རུ་ཁག་གི་འགྲན་ཞུགས་པ་ཨང84པ་ཉི་ཨའེ་ལི་ལ་ཚི་ལེན་ཁྲ་ཐིག་ཅན་གྱི་བྱ་དགའ་ཐོབ་ཅིང་། ཀྲུང་གོའི་ཧྭ་ཞིན་གླིང་སྐྱོད་རུ་ཁག་གི་འགྲན་ཞུགས་པ་ཨང2པ་ལིས་ཞན་ཅིན་ལ་ཚི་ལེན་སྔོན་པོའི་བྱ་དགའ་ཐོབ། 

འགྲན་མཚམས་འདིའི་སྤྱིའི་སྐར་འབྲས་ཨང་དང་པོའི་ཚི་ལེན་སེར་པོའི་བྱ་དགའ་ལེན་མཁན་ཝོ་ཨར་སི·ཀྲ་ཕ་ཐ།(PAREDES ZAPATA Wilmar Andres)
འགྲན་མཚམས་འདིའི་མཐའ་མའི་གདོང་མཆོང་བྱེད་མཁན་གྱི་ཚི་ལེན་ལྗང་ཁུའི་བྱ་དགའ་ལེན་མཁན་མུའུ་ལུའུ་པུའུ་ལན།(MULUEBRHAN Henok)
འགྲན་མཚམས་འདིའི་གྱེན་བགྲོད་མཁན་ཚི་ལེན་ཁྲ་ཐིག་ཅན་གྱི་བྱ་དགའ་ལེན་མཁན་ཉི་ཨའེ་ལི།(Nieri Alessio)

འགྲན་མཚམས་འདིའི་ཕུལ་བྱུང་ལྕགས་རྟའི་ཁ་ལོ་བ་ཚི་ལེན་སྔོན་པོའི་བྱ་དགའ་ལེན་མཁན་ལིས་ཞན་ཅིན།

འགྲན་མཚམས་བཞི་བ“ཀྲུང་གོའི་ལུས་རྩལ་རྒྱན་ཤོག”དགོན་ལུང་ནས་འཇུ་ལག་བར་གྱི་འགྲན་མཚམས་ཧྲིལ་པོར་སྤྱི་ལེ189ཡོད་ལ། ལམ་བར་དུ་མཐའ་མའི་གདོང་མཆོང་བྱེད་གནས་གསུམ་དང་གྱེན་བགྲོད་བྱེད་གནས་གཅིག་བཙུགས་ཡོད་དེ། མཐའ་མའི་གདོང་མཆོང་བྱ་ཡུལ་གསུམ་སོ་སོར་འགྲན་ལམ་སྤྱི་ལེ37.51དང་སྤྱི་ལེ108.96 སྤྱི་ལེ144.05བཅས་སུ་ཡོད་པ་དང་། གྱེན་བགྲོད་བྱེད་གནས་གཅིག་པུ་དེ(རིམ་པ་དང་པོའི་གྱེན་ལམ)འགྲན་ལམ་སྤྱི་ལེ49.05ཡི་སར་ཡོད་པ་དང་། མཚོ་འཕགས་སྨི3505ཡོད། དེ་ནི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ཀྱི་གྱེན་བགྲོད་ལམ་དུམ་གྱི་གྲས་ཤིག་ཡིན་ཞིང་། ལྕགས་རྟ་ཞོན་མཁན་ཚོ་དགོན་ལུང་ནས་འགྲན་བསྡུར་མགོ་བརྩམས་ནས་ཡུན་རིང་མ་སོང་བར་བྱང་རི་ནགས་ཚལ་སྤྱི་གླིང་གི་གྱེན་བགྲོད་དཀྱོག་ལམ་བཅུ་གཉིས་ནང་ཞུགས་པ་དང་མཚོ་འཕགས་སྨི1000ཙམ་ཟིན།

འགྲན་མཚམས་བཞི་བའི་འགྲན་བསྡུར་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་སྤེལ་བ་དང་། ཁྱོན་བསྡོམས་ལྕགས་རྟ་ཞོན་མཁན141འགྲན་མཚམས་བཞི་བའི་འགྲན་བསྡུར་ལ་ཞུགས། 

ཚེས13ཉིན། འགྲན་མཚམས་ལྔ་པའི“ཀོང་ཆི་ཧྥིན་ཐེན”འཇུ་ལག་ནས་མདོ་ལའི་འགྲན་བསྡུར་དུས་ལྟར་སྤེལ་རྒྱུ་ཡིན་པ་དང་། གནམ་གཤིས་སྔོན་བརྡ་ལྟར་ན། དེ་ཡང་དྲོད་ཚད་དམའ་ལ་ཆར་འབབ་པའི་དཀའ་ཚེགས་ཆེ་བའི་འགྲན་བསྡུར་ཞིག་ཡིན་སྲིད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号