མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་གསའ251ལ་སླེབས་པ།

ཉེ་ཆར། གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་དུ་གསའ་ལྟ་ཞིབ་ཚད་ལེན་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ3པ་ནས་བཟུང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཆེད་ལས་ལག་རྩལ་ཚོགས་པར་མངགས་བཅོལ་བྱས་ནས2017ལོ་ནས2022ལོའི་བར་གྱི་བརྟག་དཔྱད་གཞི་གྲངས་བསྡུ་སྒྲིལ་བྱས་པ་དང་། དཔེ་དབྱིབས་ཡག་ཤོས་ཀྱི་ཐོག་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་གསའ་ཡི་གྲངས་འབོར་ཚོད་རྩིས་བྱས་ན251ལ་བསླེབས་པ་དང་།  ཁྱུ་ཚོགས་ཀྱི་གྲངས་འབོར100སྤྱི་ལེ་གྲུ་བཞི་མ་རེར་གསའ1.67ཡོད་པ་རེད།

རང་རྒྱལ་ནི་གསའ་ཡི་འཚོ་གནས་རྒྱ་ཁྱོན་དང་ཁྱུ་ཚོགས་ཀྱི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ལྗོངས་དང་མཚོ་སྔོན། ཤིན་ཅང་། ཀན་སུའུ། ཉིང་ཞ། སི་ཁྲོན། ཡུན་ནན། ནང་སོག་སོགས་སུ་ཁྱབ་ཡོད། མཚོ་བོད་མཐོ་སྒང་དང་ཉེ་འཁོར་གྱི་མཐོ་སྒང་། རི་ཁུལ་གྱི་རི་མཐོའི་སྐྱེ་ཁམས་མ་ལག་ཁྲོད་གསའ་ནི་ཤ་གཟན་གྱི་ཡང་རྩེར་ཆགས་ཡོད་པས། མཚོ་བོད་མཐོ་སྒང་གི་རི་མཐོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་། སྐྱེ་དངོས་སྣ་མང་རང་བཞིན། སྐྱེ་ཁམས་མ་ལག་ཞབས་ཞུ་བཅས་ལ་སྲུང་སྐྱོབ་བྱེད་པའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་གིས་ངོ་སྤྲོད་བྱས་པ་ལྟར་ན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། ཞིང་ཆེན་སྲིད་གཞུང་གིས《མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི(མཚོ་སྔོན་ཁུལ)ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོད་སྐོར་མ་ལག་བཙུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་གཅིག་གྱུར་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་དང་གསའ་ལྟེ་བར་བྱེད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ཚོད་སྐོར་ཚད་གཞི་དང་ལམ་སྲོལ་ཞིབ་འཇུག་ཐོག་བཙུགས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩའི་བརྟག་དཔྱད་དང་། བར་ཁྱམས་འབྲེལ་མཐུད་དང་གནོད་འཚེ་ཕོག་ཁུལ་ཉམས་གསོ་བྱ་རྒྱུར་ཤུགས་བསྣན་ནས་གསའ་སོགས་སྲོག་ཆགས་ལ་བགྲོད་ལམ་བཏོད་པ་རེད། ལོ5ཡི་རིང་ལ། གསའ་ཡི་ཆེད་དོན་ཚན་ཞིབ་ཐད་གྲོན་དངུལ་སྒོར་ཁྲི1100ལྷག་དོན་འཁྱོལ་བྱས། 2017ལོར་སྔ་རྗེས་སུ་གསའ་ཡི་ཁྱུ་ཚོགས་བརྟག་དཔྱད་དང་། འཚོ་གནས་དང་འཚམ་པའི་ལྟ་ཞིབ་ཚད་ལེན། སྲུང་སྐར་རྗེས་སྙེག དབྱེ་འབྱེད་ལག་རྩལ། བར་མཐོངས་ཁྱབ་ཚུལ་སོགས་ཚན་ཞིབ་རྣམ་གྲངས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་། པེ་ཅིང་སློབ་ཆེན་དང་། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་། པེ་ཅིང་ནགས་ལས་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ལུའུ་ཆའོ་སྐྱེ་ཁམས་ལྟེ་གནས་སོགས་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་དང་མཉམ་ལས་གཏིང་ཟབ་སྤེལ་ནས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号