ཨ་མྱེས་སྟོང་སོའི་སྟོན་མཇུག་གི་ཁ་བའི་ཡུལ་ལྗོངས།


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དང་བར་ཐག་སྤྱི་ལེ9ཡི་སར་དུས་བཞིར་ཁ་བས་གཡོགས་པའི་རི་བོ་ཞིག་ཡོད་ལ། དེ་ནི་མདོ་ལ་རིང་མོའི་ཡན་ལག་ཐོ་ལེ་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་དང་མདོ་ལ་རིང་མོའི“རི་རབ་ཀུན་གྱི་རྒྱལ་བོར”འབོད་པའི་ཨ་མྱེས་སྟོང་སོ་རེད། སྔོན་ཆད་འདིར་འཚོ་སྡོད་བྱས་མྱོང་བའི་ཡུས་ཀུའུ་རིགས་ཀྱིས་རི་བོ་འདི་ལ“ནའེ་མན་ཨེར་ཏེ་ནི”ཞེས་འབོད་ཅིང་། དེ་ནི་བཀྲ་ཤིས་རྟགས་བརྒྱད་ཅེས་པའི་དོན་ཡིན། རི་བོ་འདིའི་དབྱིབས་ནི་ནོར་གྱི་སྙིང་དང་འདྲ་བས། ཉིའུ་ཞིན་ཧྲནདུའང་འབོད་དེ་རི་བོ་ནོར་སྙིང་ཞེས་པའི་དོན་ཡིན།  


རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡིན་པའི་ཆ་ནས། ཨ་མྱེས་སྟོང་སོ་ལྷུན་ཆགས་རྔམ་བརྗིད་ལྡན་ལ། བྱང་ངོས་ཀྱི་རི་རྩེར་ལོ་ཧྲིལ་བོར་ཁ་བ་མི་ཞུ། ཕྱོགས་བཞིར་བྲག་རྡོ་ཁྱད་མཚར་བ་མང་པོ་བརྩེགས་རིམ་བྱས་ཏེ་ཁྱབ་ཡོད་ཅིང་། རི་རྐེད་དུ་མཚོ་སྔོན་སྤྲིན་གསོམ་གྱི་ནགས་ཚལ་སྟུག་པོས་ཁེངས་ཡོད་ལ། བརྗིད་ཆགས་ལྷུན་སྟུག་གི་ནགས་ཚལ་ལ་རྒྱང་རིང་ནས་བལྟས་ན་རབ་ཏུ་སྟུག་པའི་ཁ་དོག་ལྗང་ནག་ཅིག་མངོན་ཡོད། རི་འདབས་ནི་ཁོད་ཡངས་པའི་རྩྭ་ཐང་ཡིན་ཏེ། དེར“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ”ཞེས་པའི་མཚན་སྙན་ཡོད། 

ཁ་བ་འབབ་མཚམས་བཞག་མ་ཐག་པའི་ཨ་མྱེས་སྟོང་སོའི་ཡུལ་ལྗོངས། པའོ་ལེ་ཡིས་པར་བླངས།

སྟོན་མཇུག་གི་ཨ་མྱེས་སྟོང་སོ། པའོ་ལེ་ཡིས་པར་བླངས།

སྟོན་མཇུག་གི་ཨ་མྱེས་སྟོང་སོ། པའོ་ལེ་ཡིས་པར་བླངས།

སྟོན་མཇུག་གི་ཨ་མྱེས་སྟོང་སོ། པའོ་ལེ་ཡིས་པར་བླངས།

སྟོན་མཇུག་གི་ཨ་མྱེས་སྟོང་སོ། པའོ་ལེ་ཡིས་པར་བླངས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号