《མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་མིང་ཐོ》གསར་དུ་ལེགས་སྒྲིག་བྱས།


ཉེ་ཆར། གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྐྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོའི་ཟླ10པའི་བར་དུ། 《མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་མིང་ཐོར》ཆེད་མཁས་པས་དཔྱད་ཞིབ་བཟོ་བཅོས་བྱས་པ་དང་། ལེགས་སྒྲིག་བྱས་པའི་མིང་ཐོ་གསར་བའི་ཁྲོད་དུ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཇེ་མང་དུ་སོང་སྟེ་སྔོན་གྱི་རིགས72ནས་རིགས78དུ་འཕར་ཡོད།


རྒྱུས་ལོན་བྱུང་བ་ལྟར་ན།  གསར་དུ་ལེགས་སྒྲིག་བྱས་པའི་མིང་ཐོའི་ཁྲོད་དུ་རི་དྭགས་རིགས་ཀྱི་སྡེ་བདུན་དང་ཚན་པ་བཅུ་བདུན། རིགས་ཞེ་བཞི་དང་། འདབ་ཆགས་རིགས་ཀྱི་སྡེ་བཅུ་དགུ་དང་ཚན་པ་ང་གཉིས། རིགས་ཉིས་བརྒྱ་གྱ་གཅིག སྐམ་ཆུ་གཉིས་གནས་ཀྱི་སྲོག་ཆགས་ཀྱི་སྡེ་གཅིག་དང་ཚན་པ་གཉིས། རིགས་གཉིས། ལྟོ་འགྲོའི་སྲོགས་ཆགས་ཀྱི་སྡེ་གཉིས་དང་ཚན་པ་གསུམ། རིགས་གསུམ། ཉ་རིགས་ཀྱི་སྡེ་གཅིག་དང་ཚན་པ་གཉིས། རིགས་བཅུ། སྐྱེ་དངོས་ཀྱི་ཚན་དོན་གཅིག་དང་ཁོངས་ཉིས་བརྒྱ་ཉེར་ལྔ། རིགས་བཞི་བརྒྱ་ང་བདུན། ཆུ་སྐྱེས་སྐྱེ་དངོས་ཀྱི་ཚན་པ་ཉེར་གཅིག་དང་ཁོངས་སོ་དགུ། རིགས་ང་དྲུག ཆུར་གཡེང་སྐྱེ་དངོས་ཀྱི་ཁྱིམ་དགུ་དང་ཁོངས་གོ་གཉིས། རིགས་བརྒྱ་དང་བཅུ་དགུ། ཆུར་གཡེང་སྲོག་ཆགས་ཀྱི་ཁྱིམ་ལྔ་དང་ཁོངས་གྱ་གཉིས། རིགས་བརྒྱ་དང་གྱ་བདུན། མཚོ་གཏིང་སྲོག་ཆགས་ཀྱི་ཁྱིམ་བཞི་དང་ཁོངས་བརྒྱ་དང་བརྒྱད། རིགས་བརྒྱ་དང་རེ་གཅིག མཚོ་རྩྭ་ཆེན་པོའི་རིགས་ཀྱི་ཁྱིམ་ལྔ་དང་ཁོངས་བཅུ་བདུན་རིགས་བཅོ་བརྒྱད་བཅས་འདུས་ཡོད། ཐེངས་འདིར་གཙོ་བོར་མཚོ་སྔོན་པོའི་འདབ་ཆགས་རིགས་ཀྱི་མིང་ཐོར་ལེགས་སྒྲིག་བྱས་ནས་སྔར་ཡོད་ཀྱི་མིང་ཐོའི་ཁྲོད་ཀྱི་དོགས་ཡོད་ཟིན་ཐོ་མེད་པར་བྱས་པ་དང་ཉེ་བའི་ལོ་འགའི་རིང་ལྟ་ཞིབ་ཚད་ལེན་བྱས་པའི་ཟིན་ཐོ་གསར་བའི་རིགས་ཁ་སྣོན་བྱས་ཡོད་ལ། འདབ་ཆགས་ཀྱི་རིགས་སྔོན་གྱི་ཉིས་བརྒྱ་སོ་གཉིས་ནས་ཉིས་བརྒྱ་གྱ་གཅིག་ལ་འཕར་ཡོད། དེའི་ནང་བརླན་སའི་ཆུ་བྱའི་རིགས་བརྒྱ་དང་གཅིག་ལ་འཕར་ཡོད་པ་དང་། བྱ་གག་རྔ་རིང་དང་ཆུ་སྐྱར་མཆུ་དམར་སོགས་ཀྱི་རིགས་ཇེ་མང་དུ་སོང་ཡོད་ལ། ད་བར་དུ། མཚོ་སྔོན་པོའི་ལྗོངས་ཁུལ་དུ་རང་རྒྱལ་མངའ་ཁོངས་སུ་ཁྱབ་པའི་བྱ་རིགས་རིགས་ལྔ་འདུས་ཡོད།

གསར་དུ་ལེགས་སྒྲིག་བྱས་པའི་མིང་ཐོ་ལྟར་ན། ཇེ་མང་དུ་སོང་བའི་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཁྲོད་དུ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྔོན་གྱི་རིགས་བཅུ་དགུ་ནས་ད་ལྟའི་རིགས་ཉེར་གཉིས་ལ་ཇེ་མང་དུ་སོང་བ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྔོན་གྱི་རིགས་ང་གསུམ་ནས་ད་ལྟའི་རིགས་དྲུག་ཅུར་ཇེ་མང་དུ་སོང་། དེ་མིན། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྐྱེ་དངོས་ཀྱི་རིགས་བཅུ་གཉིས་ལ་སླེབས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号