རང་ཞིང་གིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་སྤྲད།


ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་བྱ་དགའ་སྒོར་དུང་ཕྱུར28.95བརྩོན་ལེན་བྱས་ནས། རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། 2023ལོའི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་བྱ་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས“དཔུང་ཁག་གསུམ”ལ་བརྟེན་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་།    ཡུལ་དངོས་སུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱེད་པ། “གཟའ་འཁོར་རེའི་བཀོད་གཏོང་དང་ཟླ་རེའི་བརྡ་ཁྱབ”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དམངས་ཕན་ཞིང་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མ་དངུལ་མགྱོགས་མྱུར་སྤྲོད་རྒྱུའི་འགན་སྲུང་བྱས། ད་སྔའི་བར2023ལོར་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར28.85སྤྲད་པ་དང་སྤྲད་ཚད99.7%ཟིན།  

རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཚུན། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་ལྟར་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར28.95གཤམ་སྤྲོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་དུད་ཚང་ཁྲི76.51དང་མི་གྲངས་ཁྲི326.2ལ་ཁེ་བཟང་བསྐྲུན་པ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར3783.4དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར887.4ཟིན་ནས་རོང་འབྲོག་པའི་ཡོང་འབབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ལོའི་ཆ་སྙོམས་ཡོང་འབབ་ཀྱི13%ཡན་ཟིན།  རང་ཞིང་གི་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་རྩྭ་ཐང་ཁ་གསབ་བྱ་དགའི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱིས་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི60%ཡན་ཟིན་པས།  རོང་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号