ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚན་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་རང་འགུལ་ངང་ལྟེ་གནས་གྲོང་ཁྱེར་གྱི་འགན་ཁུར་འཁུར་དགོས་པ་ནན་གྱིས་བསྟན།



     ཟླ8པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚན་ཆུང་བཞི་པའི་གྲོས་བསྡུར་ནང་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ལྟེ་གནས་གྲོང་ཁྱེར་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྟེ་གནས་གྲོང་ཁྱེར་གྱི་འགན་འཁུར་དགོས་པ་ནན་གྱིས་བསྟན།

     ཤ་བོ་སྐྱབས་ཀྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། ཐེངས་འདིའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་དུས་མཚམས་གལ་ཆེན་ཞིག་དང་། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་ཁྱོན་ཡོངས་ནས་སྤེལ་ལ་ཉེ་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དངོས་སྒྲུབ་དང་དཀའ་སྤྱད། སྒྲུབ་ཕོད་པ། བྱ་བ་ངོ་མ་སྒྲུབ་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པ་དང་། ཏན་ཏན་ཏིག་ཏིག་ངང་དུས་རབས་གསར་བའི་རྒྱུགས་སྤྲོད་ལམ་བུའི་ཐོག་ཡག་པོར་བསྐྱོད་དེ་དུས་རབས་གསར་པའི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་དགོས་པར་བསྟན།

     ཤ་བོ་སྐྱབས་ཀྱིས་མདའ་བཞི་ནི་ཁུལ་སྲིད་གཞུང་གནས་ཡུལ་ཡིན་ཞིང་མཚོ་བྱང་གི་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཐབ་ཇུས་ནང་བཅུག་པའི་རྫོང་གཅིག་པུ་དེའང་ཡིན་ལ། མཚོ་བྱང་གི་སྒོ་འབྱེད་ཆེ་རུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་དང་མཚོ་བྱང་གི་སྣང་བརྙན་མངོན་པའི་སྒེའུ་ཁུང་གཙོ་བོ་ཞིག་ཡིན་པས་མདའ་བཞིའི་བྱ་བ་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། གཅིག་ནས་ནུས་ཤུགས་ཡོད་རྒུས་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གཏོད་པའི་ཐད་ཤུགས་སྣོན་པ་དང་། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། གསར་བརྗེའི་ཉམས་ཞིབ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁྱོན་ཡོངས་ནས་གསལ་བོར་བཟོ་བ།  ཅིན་ཀང་རི་བོའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་དང་ཁྱབ་རྒྱ་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ཕྱོགས་བསྡུས་ལག་ལེན་སྒར་ས་སྟོབས་ཆེར་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ་སོགས་ལ་མུ་མཐུད་ཤུགས་སྣོན་པ་བཅས་བྱས་ནས་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་འདེགས་སྐྱོར་མཁོ་འདོན་བྱེད་དགོས། གཉིས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ནས་རྡུལ་ཕྲན་མཁར-གསེར་དངུལ་ཐང-སྨོན་ལམ་མཐོན་པོ་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུ་དེ་ཁྲིད་སྟོན་དུ་བྱས་ནས། ཚད་གཞི་མཐོན་པོའི་ཐོག་ནས་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱ་ཡུལ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྟོང་མདའ་ཐང་ཆུ་མཛོད་དང་མདའ་བཞི། ཤྭ་ལུང་ཆུ་ཚན་ཐོན་ཁུངས་སོགས་སྤྱད་དེ“འགྲན་བསྡུར་ཁག་བཞིའི”ཆས་རྟགས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་ནས་སྤུས་ལེགས་པའི་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་བསྐྲུན་རྒྱུར་གཞོགས་འདེགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དང་གསར་བརྗེའི་གྲོང་རྡལ་ཆུང་ངུ་གཏོད་དགོས། གསུམ་ནས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་ཕན་འབྲས་ཐོན་པར་བྱས་ཏེ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་མགྱོགས་པོ་གཏོང་བ། ནུས་ཤུགས་ཡོད་རྒུས“བོད་ལུག་ཁྲི་དང་ནོར་གནག་སྟོང”གི་རྟེན་གཞི་བསྐྲུན་དགོས་ཤིང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་གང་ལེགས་བྱས་ནས། སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་བཟོ་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་བྱ་ཐབས་དངོས་བཏོན་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རོགས་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རླུང་གློག་དངའོད་ཧྥུ། མེ་གློག་སོགས་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་གསར་སྤེལ་བེད་སྤྱོད་ལུགས་མཐུན་བྱས་ཏེ། ཆུ་དམར་འགག་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་གཞན་སྒྱུར་ཐོན་སྐྱེད་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ལྔ་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་ཚད་བརྒལ་ཡོང་བར་བྱེད་པ་དང་། ཕྱོགས་ཡོངས་ནས་དམངས་འཚོའི་བྱ་བ་དངོས་ཀྱི་བཟོ་སྐྲུན་དོན་འཁྱོལ་བྱས་ཏེ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོར་སྒྲུབ་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་སྣ་མང་ཅན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དྲུག་ནས་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་མོ་དང་ཏང་ནན་སྐྱོང་བྱ་རྒྱུའི་ཐད་མིག་དཔེ་བཏོན་ནས་བརྗོད་དོན་སློབ་གསོར་གྲ་སྒྲིག་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་གཏོང་བ། དཔེ་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ། དཔྱད་ཞིབ་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པར་བཤད།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号