ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ལ་མཇལ་འཕྲད་གནང་པ།


     ཟླ8པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་ནས་པེ་ཅིང་དུ་བསྐྱོད་དེ་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ལ་མཇལ་འཕྲད་གནང་། སྡེ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅིའམ་ལས་འཛིན་པ་ཏོན་ཞང་ཏུང་གིས་སྣེ་ལེན་བྱས་ཏེ་མཚོ་བྱང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་དང་མཇལ་འཕྲད་གནང་ལ། ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ལས་འཛིན་པ་ལིག་ཅན་ཕིང་གིས་གཙོ་སྐྱོང་གནང་ནས་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་དང་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་བཞུགས་མོལ་ཚོགས་འདུ་འཚོགས།   

     ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱི་ཚན་རྩལ་ཐོན་རྫས་འགྲེམས་ཁང་དུ་ལྟ་སྐོར་བྱས་ནས་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱི་ལས་གཏོད་དང་འཕེལ་རྒྱས་བརྒྱུད་རིམ།  ཚན་རྩལ་རྩེར་སོན་ཐོན་རྫས་ཞིབ་འཇུག་གསར་སྤེལ། ཐོན་སྐྱེད་བཅས་དང་དེ་བཞིན་གོ་ལ་ཧྲིལ་པོའི་ས་གནས་སོ་སོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།  

     ཚོགས་འདུའི་ཐོག ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱིས་ལོ་མང་རིང་སྒེར་སེམས་མེད་པ་དང་བརྩེ་སེམས་ཟབ་མོ། ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ལ།  ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་རོགས་སྐྲུན་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རོགས་སྐྲུན་མ་དངུལ་སྒོར་ཁྲི6653བཏང་ནས་མདའ་བཞི་རྫོང་གི་དབུལ་ཐར་དབུལ་ཞྭ་ཕུད་པ་དང་གྲོང་གསེབ་དར་སྤེལ། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ལ་རོགས་རམ་བྱས་ནས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་ཤུགས་མངོན་ཡོད་པར་བསྟན། ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱིས་མཚོ་བྱང་དང་མདའ་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་དྭངས་གཙང་ནུས་རྒྱུའི་རྟེན་གཞི། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཐད་མདའ་བཞི་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་རོགས་སྐྲུན་རོགས་སྐྱོར་ཐད་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་མདའ་བཞིས་རྡུལ་ཕྲན་མཁར་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་ཡོང་སྟེ་གསོ་སྦྱོང་ནང་ཞུགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། གཉིས་ནས་མདའ་བཞིའི་སྐམས་ལུག་ཤ་སོགས་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས་རྒྱ་ཆེའི་འཛད་སྤྱོད་དབུལ་སྐྱོར་རྒྱ་ཆེར་བཏང་སྟེ་རོང་འབྲོག་པའི་ཡོང་སྒོ་འཕར་ནས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་དགོས། གསུམ་ནས་སྡེ་ཚོགས་ཀུང་སིའི་ཧ་ཡང་དང་ཟངས་ཀྱི་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་ཁག་ཅིག་མདའ་བཞི་རུ་གཞིས་ཆགས་པར་བྱས་ཏེ་ཐོན་ཁུངས་གསར་སྤེལ་དང་ནུས་རྒྱུ་གསར་པའི་ཐོན་ལས་ལས་གཞི་ཁག་ཅིག་ལག་བསྟར་བྱས་ནས་མདའ་བཞི་ལ་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རོགས་བྱེད་དགོས་པར་བཤད།  

     ལིག་ཅན་ཕིང་གིས་མཚོ་བྱང་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་ཤིང་།  ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀྱིས་མདའ་བཞི་ལ་རོགས་སྐྲུན་བྱས་པའི་ལོ་རྒྱུས་ཕྱིར་དྲན་བྱས་པར་མ་ཟད། སྡེ་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མདའ་བཞིའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་རོགས་སྐྱོར་མཉམ་ལས་ཁྱབ་ཁོངས་གཏིང་ཟབ་ཏུ་བཏང་ནས། ནུས་རྒྱུ་གསར་སྤེལ་བེད་སྤྱོད་དང་མི་སྣ་གསོ་སྦྱོང་། རིག་སྟོབས་རོགས་སྐྱོར། ཐོན་ལས་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་སོགས་ཀྱི་ཐད་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་བྱ་བ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་མདའ་བཞིའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་ལྷག་པའི་སྒོ་ནས་རོགས་རམ་བྱ་རྒྱུ་ཡིན་པར་བཤད།

     ཀྲུང་གོའི་ཧ་ཡང་ལས་རིགས་སྡེ་ཚོགས་ཀུང་སིའི་མི་ཤུགས་ཐོན་ཁུངས་པུའི་སྤྱི་གཉེར་བ་ཝུའུ་ཙའོ་མིང་དང་། བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཏང་དམངས་ལས་དོན་པུའི་ཀྲུའུ་རིན་མའོ་ཧྲི་ཆིན། འཐབ་ཇུས་མ་འཇོག་པུའི་སྤྱི་གཉེར་བ་གཞོན་པ་ཀྲིག་ཧྥུའུ་ཧྲིན། དེ་བཞིན་ནོར་དོན་ཐོན་དབང་པུའུ་དང་གུང་གཞོན་ཚོགས་པ་ཨུ་ལྷན། ཀྲུང་གོའི་ཧ་ཡང་མ་རྐང་དང་ཀྲུང་གོའི་ཟངས་ལས་རིགས་ཀྱི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སངས་འབུམ། ཚོ་ཅི་ཆང་། དེ་བཞིན་མདའ་བཞི་རྫོང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号